ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས“སྐྱེལ་དགོས་པ་ལྔ”ལ་བརྟེན་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས“བསྐྱལ་དགོས་པ་ལྔ”ཡི་བྱ་ཐབས་བརྒྱུད་དེ་རིགས་སོ་སོའི་ངལ་རྩོལ་ཚོགས་སྤྱིའི་ལས་ཞུགས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་སྤྱི་ཚོགས་ལས་ཞུགས་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བར་འགན་ལེན་བྱས།

ལས་གནས་བསྐྱལ་པ། མིག་སྔའི་བར་དུ། བདེ་ཆེན་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་དྲ་འོག་གི་ལས་ཞུགས་གདན་ཞུའི་བྱ་འགུལ་ཐེངས50ཙམ་སྒྲིག་འཛུགས་བྱས་པ་དང་། བྱ་འགུལ་ནང་ཞུགས་མཁན་གྱི་ཁེ་ལས848ཡོད་པ་དང་ལས་གནས་ཁྲི8ལྷག་མཁོ་འདོན་བྱས་ཡོད། དེའི་ནང་ལས་ཀ་འཚོལ་བར་ཡོང་མཁན་མི་ཐེངས་ཁྲི2ཙམ་ཟིན་པ་དང་མི་ཁྲི1.1ལས་ཞུགས་ཐུབ་པ་མངོན་འགྱུར་བྱུང་། དྲ་ཐོག་ནས་ལས་ཞུགས་གདན་ཞུའི་ཚོགས་འདུ་འཚོགས་པ་དང་ཐད་གཏོང་མཁན་གྱིས་ལས་གནས་འདོན་སྤྲོད་བྱེད་པ། འཁྱུག་དབྱངས་ལས་སྟེགས་ཀྱིས་སྲིད་ཇུས་དྲིལ་སྒྲོག་སྐུལ་སློང་སོགས་ཀྱི་བྱ་འགུལ་ཐེངས60ལྷག་སྒྲིག་འཛུགས་བྱས་པ་དང་ལས་གནས་ཁྲི1.1མཁོ་འདོན་བྱས་པར་དེའི་བལྟ་ཚད་མི་ཐེངས་ཁྲི300ཟིན་ཡོད།

ནུས་རྩལ་བསྐྱལ་པ། བདེ་ཆེན་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ལས་རིགས་ནུས་རྩལ་གསོ་སྦྱོང་བྱ་རྒྱུ་དེ་ལས་ཞུགས་བརྟན་བརླིང་དང་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་ཞི་ལྷོད་དུ་གཏོང་བའི་འགག་རྩའི་ཐབས་ཤིག་ཏུ་བརྩིས་ཤིང་། མིག་སྔའི་བར་དུ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་དང་ཁྱིམ་ལས་ཞབས་ཞུ་སོགས་ལས་རིགས45ལ་ནུས་རྩལ་མཐོརའདེགས་ཀྱི་གསོ་སྦྱོང་ཐེངས467བྱས་པ་དེ་མི21511དང་འབྲེལ་བ་ཡོད་པ་རེད།

དྲོད་སྐྱིད་སྦྱིན་པ། བདེ་ཆེན་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་སྡེ་ཚན་གྱིས་ཤར་རྒྱུད་ཞིང་ཆེན་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་སྤོ་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། བདེ་ཆེན་ཁུལ་གྱི་ངལ་རྩོལ་པ་ཅུང་མང་བའི་ས་ཁུལ་དང་ཞིང་ཆེན་དུ་བསྐྱོད་དེ་འཚམས་འདྲིའི་བྱ་འགུལ་སྤེལ་ནས་ཞིང་ཆེན་ཕྱི་རོལ་གྱི་ངལ་རྩོལ་པའི་ལས་ཀ་དང་འཚོ་བའི་ཁོར་ཡུག་ལ་ཤེས་རྟོགས་བྱེད་པ་དང་ཆབས་ཅིག་ཞབས་ཞུ་སྐྱེལ་བ་དང་། སྲིད་ཇུས་སྐྱེལ་བ། བདག་དབང་སྤྲོད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད།

ཞབས་ཞུ་བསྐྱལ་པ། བདེ་ཆེན་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཞིང་ཆེན་ཕྱི་རོལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ཚོང་རའི་ཁྱད་ཆོས་དང་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་དགོས་མཁོ་ཚད་གཞིར་བཟུང་ནས། དམིགས་བྱའི་རང་བཞིན་ལྡན་པའི་སྒོ་ནས་ངལ་ནུས་མཉམ་ལས་ཀྱི་འབྲེལ་མཐུད་ལས་སྟེགས་བཏོད་དེ། ཞིང་ཆེན་ཕྱི་རོལ་དུ་ལས་ཀ་བྱེད་མཁན་ལ“རྩ་ཆག་གསུམ་དང་ཁ་གསབ་གཅིག”གི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། “གཅིག་སྦྲེལ་གཅིག་དང་གཅིག་འཐུས་རྣམ་པའི”ཞབས་ཞུ་སོགས་ཀྱི་བྱ་ཐབས་སྤྱད་དེ། ལས་མི་ཕྱིར་སྐྱོད་དཀའ་བ་དང་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་བདེ་ཆེན་ཁུལ་ཡོངས་ཀྱི་ལས་མི་སྒྲིག་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་དུ། བདེ་ཆེན་ཁུལ་ཡོངས་སུ་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཞིང་ཆེན་གཞན་ནས་ལས་ཞུགས་སྤོ་སྒྱུར་གྱི་མི་གྲངས7200ཟིན་པ་དང་། དབུལ་ཐར་ངལ་རྩོལ་ནུས་ཤུགས་ཞིང་ཆེན་གཞན་ནས་ལས་ཞུགས་སྤོ་སྒྱུར་གྱི་མི་གྲངས2200ཟིན་ཡོད་པ་རེད།

ཕུགས་འདུན་བསྐྱལ་པ། བདེ་ཆེན་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”ཅེས་པའི་བྱ་འགུལ་སྤེལ་ནས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་གོ་སྐབས་སུ་བཟུང་ནས། ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་དུ། བདེ་ཆེན་ཁུལ་ཡོངས་སུ་ལས་གཏོད་མི་སྣ་བསྡོམས་པས524ལ་རོགས་སྐྱོར་བྱས་པ་དང་། དངུལ་བུན་སྒོར་ཁྲི9838བཏང་ནས་མི1057ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།