ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གིས“ཨེ་ཙི་འགོས་ནད་སྔོན་འགོག་བྱས་ཏེ་བདེ་ཐང་མཉམ་སྤྱོད་བྱེད་པ”ཞེས་པའི་ཤེས་བྱའི་འཆད་ཁྲིད་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས23ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བདེ་ཆེན་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་མཉམ་དུ“ཨེ་ཙི་ནད་སྔོན་འགོག་བྱས་ཏེ་བདེ་ཐང་མཉམ་སྤྱོད་བྱེད་པ”ཞེས་པའི་ཤེས་བྱའི་འཆད་ཁྲིད་སློབ་གྲྭ་དང་ལས་ཁུངས་སུ་བསྐྱོད་པའི་བྱ་འགུལ་སྤེལ། བདེ་ཆེན་རྫོང་ཡོངས་ཀྱི་ལས་ཁུངས་དང་བྱ་གཞག་གི་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་ཁྱོན་བསྡོམས700ལྷག་གིས་འཆད་ཁྲིད་ལ་ཉན་པ་རེད།

འཆད་ཁྲིད་སྟེང་། ཡུན་ནན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཀྲོའུ་ཞའོ་ན་ཡིས་བུད་མེད་ཀྱི་རྒྱུན་མཐོང་ནད་རིགས་དང་། ཨེ་ཙིའི་ནད་འགོག་བཅོས། བདེ་ཐང་འཚོ་བ་སྐྱེལ་སྟངས་སོགས་ཀྱི་ཐད་ནས་དོན་དངོས་གཞི་གྲངས་དང་། ཞིབ་བསྡུར་བྱེད་པ། ནད་ཐོག་གྱོད་དཔེ་སོགས་ཀྱི་རྣམ་པ་བརྒྱུད་འབྲེལ་ཡོད་ཤེས་བྱ་དང་དེ་བཞིན་འགོག་བཅོས་བྱེད་ཐབས་དོན་ཟབ་གོ་སླའི་ངང་འགྲེལ་བཤད་བརྒྱབ་པ་དང་། ཡུན་ནན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་གཅིན་ཟགས་ཕོ་ནད་ཚན་ཁག་གི་དགེ་རྒན་ཆེན་མོ་གཞོན་པ་ཀྲང་ཧྥུའུ་ཀང་གིས་གཞོན་ནུ་ལོ་ཆུང་ཚོར་ལང་ཚོ་དར་དུས་ཀྱི་ཁྱད་ཆོས་དང་ལུས་ཁམས་ཀྱི་སྣང་ཚུལ། སེམས་ཁམས་སྣང་ཚུལ། སེམས་ཁམས་འགྱུར་ལྡོག་སོགས་ཀྱི་གནད་དོན་ལ་འགྲེལ་བཤད་གསལ་བོར་བརྒྱབ་པ་མ་ཟད། གཞོན་ནུ་ཚོར་ཨེ་ཙི་འགོས་ནད་སྐོར་གྱི་གནོད་འཚེ་དང་ནད་རྟགས། འགོ་ལམ། སྔོན་འགོག་བྱེད་ཐབས་བཅས་ཀྱི་འབྲེལ་ཡོད་ཤེས་བྱ་སྐོར་ནས་ཀྱང་གསལ་བོར་བརྗོད་པ་རེད།

ཐེངས་འདིའི་བདེ་ཐང་སྐོར་སྐྱོད་འཆད་ཁྲིད་སྤེལ་བ་བརྒྱུད། བདེ་ཆེན་རྫོང་ཡོངས་ཀྱི་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་ཚོས་ཕྱོགས་ཡོངས་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཨེ་ཙིའི་ནད་ཀྱི་འགོ་ལམ་དང་སྔོན་འགོག་བྱེད་ཐབས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ལ་ཤེས་རྟོགས་བྱུང་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།