ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་ཚབ་མཚོན་ཅན་གྱི་བཀྲ་ཤིས་རྒྱལ་མཚན་ཞིག་གསོ་ལེགས་གྲུབ་བྱུང་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས13ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྗོང་གི་བཀྲ་ཤིས་རྒྱལ་མཚན་ཞིག་གསོ་ལེགས་གྲུབ་ཟིན་ནས་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་རེད། བཀྲ་ཤིས་རྒྱལ་མཚན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྗོང་དུ་ཡོད་ལ། 2002ལོའི་ཟླ3པར་སེམས་ཀྱི་ཉི་ཟླ་ཞེས་པའི་མིང་དུ་བསྒྱུར་རྗེས་དྲན་གསོ་ཞུ་ཆེད་བཀྲ་ཤིས་རྒྱལ་མཚན་འདི་གནས་འདིའི་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་དུ་བཞེངས་པ་རེད། བཀྲ་ཤིས་རྒྱལ་མཚན་འདིའི་མཐོ་ཚད་ལ་སྨི་21.45དང་། དེའི་སྟེང་ན་གངས་རི་དང་གཙང་པོ། ནགས་ཚལ། བོད་རིགས་ཀྱི་སྲོལ་རྒྱུན་གྱི་བཀྲ་ཤིས་རྟགས་བརྒྱད། མི་རིགས་མཐུན་སྒྲིལ་ཆེན་པོ་དང་རླབས་ཆེན་མི་སྣའི་ལེགས་བཤད་གྲགས་ཅན་སོགས་ཀྱི་རི་མོ་དང་ཡི་གེ་ཡོད། 

རྡོ་མཁར་རྗོང་གི་བཀྲ་ཤིས་རྒྱལ་མཚན་བེད་སྤྱོད་གཏོང་མགོ་ཚུགས་པ་ནས་ད་བར་དུས་ཡུན་ལོ18འགོར་སོང་བས། ལྷུ་ལག་ལ་སྐྱོན་བྱུང་བ་དང་བཙའ་ཆགས་པ། ཆར་ཆུས་རྙིང་པར་ཆགས་པ་སོགས་ཀྱི་རྐྱེན་གྱིས་བེད་སྤྱོད་ཐད་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཆེ་ཙམ་ཡོད་པས། རྡོ་མཁར་རྗོང་དོ་དམ་ཨུ་ལྷན་གྱིས་གྲོང་ཁྱེར་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས། བཀྲ་ཤིས་རྒྱལ་མཚན་ཟླ་བ་གཉིས་རིང་དུ་ཞིག་གསོ་བྱས་པ་བརྒྱུད་ཟླ9པའི་ཚེས13ཉིན་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།