ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་བསོད་ནམས་སྒྲོལ་མ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསོད་ནམས་སྒྲོལ་མ་ནི་བཟོ་ཚོགས་ཀྱི་ལས་ཀའི་ཉམས་མྱོང་ལོ16ལྷག་ཡོད་པའི་བུད་མེད་ཞིག་ཡིན་ལ། སྔ་རྗེས་སུ་ལས་བྱེད་པ་དང་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་ལས་འགན་འཁུར་མྱོང་།  ལས་གནས་ཇི་ལྟར་བརྗེ་ནའང་བསོད་ནམས་སྒྲོལ་མས་བློ་གཅིག་སེམས་གཅིག་གིས་ལས་བྱེད་པ་རྣམས་ལ་ཞབས་ཞུ་བསྒྲུབས་ཡོད་པ་རེད།

བསོད་ནམས་སྒྲོལ་མས་དཀའ་ངལ་ཡོད་པའི་ལས་བྱེད་པ་ལ་དཀའ་ལས་སེལ་བའི་ལས་ཀ་འགན་ཁུར་པ་ནས་བཟུང་། མ་དངུལ་གྱིས་རྒྱབ་སྐྱོར་དང་ཐོན་ལས་རོགས་སྐྱོར། སློབ་ཞུགས་རོགས་སྐྱོར། ནད་ཆེན་སྐྱོར་རོགས། ལས་ཞུགས་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་དཀའ་ངལ་ཡོད་པའི་ལས་བྱེད་པའི་དཀའ་ངལ་སེལ་ཅི་ཐབས་བྱས། 2018ལོར་བསོད་ནམས་སྒྲོལ་མས་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣ་དང་མཉམ་དུ་ཆ་འཕྲིན་ཞིབ་བསྡུར་བྱེད་སྐབས། དུས་ཡུན་ཉིན15རིང་ལ་འཇོལ་རྫོང་གི་ཤང་དང་གྲོང་རྡལ་སོ་སོར་སོང་ནས་དཀའ་ངལ་ཡོད་པའི་ལས་བྱེད་པའི་རོགས་སྐྱོར་མ་ལག་ནང་གི་ཡིག་ཚགས་བཟོས་ཡོད་པའི་དུད་ཚང49ཡི་གནས་ཚུལ་ཞིབ་བསྡུར་ལས་ཀ་ལེགས་འགྲུབ་བྱས་པ་དང་། དུས་ཐོག་ཏུ་ཚད་གཞི་དང་མི་མཐུན་པའི་ཡིག་ཚགས་གཙང་སྒྲིག་བྱས་པ་དང་དངོས་གནས་དཀའ་ངལ་ཡོད་པའི་ལས་བྱེད་པ་དག་རོགས་སྐྱོར་མ་ལག་ཏུ་བཅུག་པ་རེད།

སངས་མཚན་ནི་འཇོལ་རྫོང་གཡག་རྭ་ཤང་འབུམ་སྟེང་གྲོང་ཚོའི་མི་ཞིག་ཡིན་ལ། ཁྱིམ་ནང་མི་བཞི་ཡོད་པ་དང་བུ་ཕྲུག་གཉིས་སློབ་གྲྭར་ཞུགས་ཡོད།  2007ལོར་ཁེ་ལས་ལམ་ལུགས་བསྒྱུར་བཅོས་བྱས་རྗེས་འབྲུ་རིགས་ཅུའུ་ནས་ལས་ཤོར་བ་དང་རྗེས་སུ་ལས་ཞུགས་མ་ཐུབ་པས་གླ་བྱས་ནས་འཚོ་བ་རྒྱུན་འཁྱོངས་བྱས་པ་རེད། སངས་མཚན་ཚང་གི་དཀའ་ངལ་ནི་བསོད་ནམས་སྒྲོལ་མས་སེམས་ལ་བཟུང་ནས་དང་པོ་མོས་ཆེད་མཁས་པ་གདན་དྲངས་ནས་གཡག་རྭ་ཤང་དུ་བརྟག་དཔྱད་བྱས་པ་མ་ཟད་སངས་མཚན་ཚང་ལ་སྟར་ག་འདེབས་བཙུགས་ཀྱི་འཕེལ་རྒྱས་བསམ་བློ་གཏན་འབེབས་བྱས་པ་དང་། དེ་མ་ཟད་འཇོལ་རྫོང་སྤྱི་ཁྱབ་བཟོ་ཚོགས་དང་ཁྲལ་དོན་ཅུའུ། ནགས་ལས་ཅུའུ་སོགས་ལས་ཁུངས་ནས་སྒོར་ཁྲི14ཡི་རོགས་སྐྱོར་མ་དངུལ་མཐུན་སྦྱོར་བྱས་ཏེ་སོན་མྱུག་ཉོ་སྒྲུབ་དང་ཆུ་རྐ་བཟོ་སྐྲུན།  གནས་གཞིའི་རིབ་མ་བཟོ་བ་སོགས་བྱས་པ་བརྒྱུད།  2016ལོར་སངས་མཚན་ཚང་གི་སྟར་ག་གནས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་སྟར་ག་ཤིང་སྡོང་350བཙུགས་པ་མ་ཟད། སྐྱུ་རུ་ར་དང་སྐལ་བཟང་མེ་ཏོག་སྣོལ་འདེབས་བྱས་པ་རེད། 2018ལོར་སྟར་ག་ཤིང་སྡོང100ཡི་ཐོག་འབྲས་བུ་ཐོགས་ཏེ་སྤྱིའི་ཐོན་ཚད་སྤྱི་རྒྱ3500ཟིན་པ་དང་ཡོང་འབབ་སྒོར་ཁྲི་5ལྷག་བྱུང་ཡོད་པས་སངས་མཚན་ས་གནས་དེ་གའི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་ཞིག་ཏུ་གྱུར།

དཀའ་ངལ་ཡོད་པའི་ལས་བྱེད་པའི་དཀའ་ལས་སེལ་བའི་ལས་ཀ་འགན་ཁུར་པ་ནས་བཟུང་། སློབ་གྲྭར་སོང་ནས་དཀའ་ངལ་ཡོད་པའི་ལས་བྱེད་པའི་དུད་ཚང21ལ་བསོད་ནམས་སྒྲོལ་མས་ཁོ་ཚོ་ལ་ཁྱོན་སྒོར་ཁྲི39.01གི་སློབ་ཞུགས་རོགས་དངུལ་སྤྲད་པ་དང་། དུད་ཚང21ནང་བདེ་བླག་ངང་ལས་ཞུགས་མི་ཐུབ་པ་ལ་ལས་ཞུགས་ལས་གཏོད་རོགས་རམ་བྱས། དུད་ཚང་གི་ཡོང་འབབ་དམའ་བ་དང་ཁྱིམ་ཚང་གི་ཁུར་པོ་ལྗིད་བའི་ལས་བྱེད་པའི་ཁྱིམ་ཚང་ལ་ཧུར་ཐག་སྒོས་མི་ཤུགས་ཐོན་ཁུངས་ཅུའུ་སོགས་དང་མཐུན་སྦྱོར་བྱས་ནས་མ་དངུལ་སྒོར་ཁྲི48.04བཞག་ནས་ཐོན་ལས་རོགས་སྐྱོར་དང་ལས་གཏོད་རྒྱབ་སྐྱོར་སོགས་ཀྱི་ལས་ཀ་སྤེལ། ནད་ཀྱི་དབང་གིས་དཀའ་ངལ་ཡོད་པའི་ལས་བྱེད་པའི་དུད་ཚང5ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི11.33བརྩོན་ལེན་བྱས་པ་མ་ཟད་སྲིད་གཞུང་གི་མཐིལ་རྟོལ་བྱ་ཡུལ་དུ་བཅུག་ནས་རྒྱུན་ལྡན་གྱི་འཚོ་བ་འགན་ལེན་བྱས་པ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།