རྫ་ཆུ་འགྲམ་གྱི་བུད་མེད་ཅིག་གི་སོར་རྩེ་ལས་ཐོན་པའི་དཔལ་འབྱོར།


འཇོལ་རྫོང་ཡན་མན་ཤང་སྤོ་བསྡོམས་གྲོང་དུ་ཡོད་པའི་འཇོལ་རྫོང་བསམ་འགྲུབ་མི་རིགས་གྱོན་ཆས་གསར་སྤེལ་ཚད་ཡོད་ཀུང་སི་ནི་ཁྲུན་ཧྭ་ཞེས་པའི་བུད་མེད་ཞིག་གིས་བཙུགས་པ་རེད།

2015ལོར།  ཁྲུན་ཧྭ་དང་ཨ་མས་གཉེར་སྐྱོང་བྱེད་པའི་མི་སྒེར་གྱི་གྱོན་ཆས་བཟོ་ཁང་དེ་ཐོན་སྐྱེད་དང་ཕྱིར་འཚོང་གཞི་གཅིག་ཏུ་འདུས་པའི་ཀུང་སིར་རིགས་བསྒྱུར་བ་དང་།  2017ལོའི་ཟླ་5པར་གྱོན་ཆས་ཚོང་ཁང་དངོས་སུ་གཉེར་སྐྱོང་བྱས་པ་མ་ཟད་ཐོན་སྐྱེད་འཁོར་ཁང་ཐོག་མར་བཙུགས་པ།  དུས་མཚུངས་སུ་འཁོར་ཁང་དུ་སྔོན་ཐོན་གྱི་འཕྲུལ་ཆས་ཁག་ཅིག་ནང་འདྲེན་པས་ཀུང་སིའི་ལས་ཕྱོད་ཆེ་རུ་བཏང་བ་དང་ཐོན་རྫས་ཀྱི་སྤུས་ཚད་ཀྱང་མཐོར་འདེགས་པ་རེད།

སྲོལ་རྒྱུན་རྒྱུན་འཛིན་བྱས་པ་ནས་གསར་སྤེལ་བྱས་པའི་བར་ཁྲུན་ཧྭའི་གྱོན་ཆས་ཀུང་སི་རིམ་བཞིན་དྲང་ལམ་དུ་བསྐྱོད་པ།  མིག་སྔར།  ཀུང་སིའི་ཚོང་ཁང་འཇོལ་རྫོང་དང་འབའ་ལུང་རྫོང་དུ་ཕྱེ་ཡོད་པ་དང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཚོང་ཁང་ཡང་ཟླ་བ་8པར་སྒོ་ཕྱེ་ནས་ཚོང་གཉེར་བྱ་རྒྱུ་རེད།

ཁྲུན་ཧྭ་ཡིས་ཆེད་དམིགས་སུ་གྱོན་ཆས་ཇུས་འགོད་དང་སྒྲིག་བཟོ་ལ་སློབ་སྦྱོང་བྱེད་དུ་སོང་བ་དང་།  དེང་རབས་མི་སྣའི་འཚོ་བའི་དགོས་མཁོ་འཚམ་པ་དང་སྔོན་ཐོན་གྱི་འཕྲུལ་ཆས་ནང་འདྲེན་ཡོད་པས་ཁྲུན་ཧྭ་ཡིས་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་བཟོ་རྩལ་ཕན་ཚུན་མཉམ་འདྲེས་བྱས་པ་དང་།  དྲས་གཏུབ་གསར་གཏོད་མ་གཏོགས་རྒྱུ་ཆ་དང་མེ་ཏོག་འཁྱུག་རིས་སོགས་ཀྱི་ཐད་རྒྱུན་ཆད་མེད་པར་གསར་གཏོད་ཚོད་ལྟ་བྱས་ཡོད་པས་ཀུང་སིའི་ལོ་རེའི་ཕྱིར་འཚོང་དངུལ་གྲངས་ཐོག་མའི་སྒོར་ཁྲི་80ནས་ད་ལྟར་སྒོར་ཁྲི་500ཙམ་ཟིན་ཡོད་ལ། ཁྲུན་ཧྭ་ཡིས་གྲོང་པ་ནང་གི་བུད་མེད་ཚོ་ཀུང་སིར་བསྡུ་བ་དང་ཐོག་མའི་མི་3ནས་ད་ལྟར་མི་40ལྷག་ཡོད་དེ་བུད་མེད་ཚོ་སྔར་བཞིན་ཕ་ཡུལ་ནས་ཐག་རིང་མོ་བྲལ་ནས་གླ་བ་འགྲོ་མི་དགོས་པ་མ་ཟད་རང་ཁྱིམ་ནང་གི་ཕ་མ་དང་བུ་ཕྲུག་ལའང་ལྟ་སྐྱོང་བྱས་ཐུབ་ཡོད།

ཀུང་སིའི་ནང་ལོ་ཆེ་ཤོས་ནི་ཨ་གཡུ་སྒྲོན་ཡིན་ལ་ཁོ་མོ་མ་གཞི་ནས་གྲོང་པ་ནང་གི་ཚེམ་བཟོ་བ་ཞིག་ཡིན། ཁོ་མོ་ཡིས་ངས་འདིར་ལས་བྱེད་ན་ཟླ་བ་རེར་སྒོར་8000ཙམ་གྱི་ཡོང་སྒོ་ཡོད་པ་མ་ཟད་ད་དུང་ཁྱིམ་ནང་ལ་ལྟ་སྐྱོང་བྱས་ཐུབ་ཡོད་ཞེས་ཟེར།

ཁྲུན་ཧྭ་ཡིས་བཤད་པ་ལྟར་ན། མོ་དང་གྲོང་པ་ནང་གི་ཡུལ་མི་རྣམས་ནི་དམག་གྲོགས་ནང་བཞིན་ཕན་ཚུན་རོགས་སྐྱོར་དང་ཕན་ཚུན་སྐུལ་འདེད་བྱས་ཡོད་།  ཀུང་སིའི་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ་ནི་ཡུལ་མི་རྣམས་ཀྱི་དཀའ་སྤྱད་འབད་འཐབ་དང་བྲལ་ཐབས་མེད།  ཀུང་སི་ལ་བཤད་ན་ཡུལ་མི་རྣམས་ལས་བྱེད་མཁན་ཁོ་ན་མ་ཡིན་པར་དེ་བས་ཀྱང་ཁྱིམ་མི་དང་འདྲ།  ཡུལ་མི་རྣམས་ཀྱིས་རྒྱུན་དུ་ཁྲུན་ཧྭ་ལ་བཀའ་དྲིན་གྱི་བསམ་པ་མཚོན་ཡོད་པ་དང་ཀུང་སི་དེ་བས་སྟོབས་ཆེར་འཕེལ་རྒྱས་ཐུབ་པའི་རེ་བ་འདོན་ཡོད་པ་རེད།

ཁྲུན་ཧྭ་ཡིས་སྣེ་ཁྲིད་འོག  སྤོ་བསྡོམས་གྲོང་གི་སྲོལ་རྒྱུན་གྱི་གྱོན་ཆས་རྒྱུན་འཛིན་བྱེད་ཞོར་དུ་གསར་གཏོད་བྱས་ནས་མཛུབ་རྩེའི་ལག་རྩལ་དེ་མཛུབ་རྩེའི་དཔལ་འབྱོར་དུ་འགྱུར་ཡོད་པ་རེད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།