ཀྲུང་གོ་བོད་ཀྱི་དྲ་བ།

ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སློབ་གསོའི་དཔེ་མཛོད་ཁང་གི་སྒོ་འབྱེད་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

འདི་ནི་ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་གི་དཔེ་མཛོད་ཁང་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་གླིང་ནང་གི་བས་འཐག་མཚོའི་སྐྱེ་ཁམས་སློབ་གསོའི་དཔེ་མཛོད་ཁང་གི་རྣམ་གྲངས་ཁག་དང་པོ་མཇུག་རྫོགས་ལ་ཉེ་ཞིང་། དཔེ་མཛོད་ཁང་དུ་བསྡོམས་པས་དཔེ་ཆ2000ཙམ་བཞག་ཡོད་ལ། དཔེ་མཛོད་ཁང་དེ་མི་འགྱངས་བར་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། དཔེ་མཛོད་ཁང་དུ་གཙོ་བོ་སྐྱེ་ཁམས་དཔེ་ཀློག་དང་། སྐྱེ་ཁམས་སྤྲོ་གསེང་། སྐྱེ་ཁམས་བགྲོ་གླེང་། སྐྱེ་ཁམས་ཉམས་ལེན་སོགས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། སྤྱི་དམངས་ལ་དཔེ་ཀློག་དང་སྐྱེ་ཁམས་འགྲེམས་སྟོན། ཚན་རིག་འཚོལ་ཞིབ་སོགས་ཀྱི་སྐྱེ་ཁམས་སློབ་གསོའི་ནང་དོན་ཡང་མཁོ་འདོན་བྱས་ཡོད། མ་འོངས་པར་དཔེ་མཛོད་ཁང་གིས་ད་དུང་འོས་ཤིང་འཚམ་པའི་སྒོ་ནས་རོལ་མྱོང་སྐོར་གྱི་རྣམ་གྲངས་གཞན་དག་ཁ་སྣོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།