ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་དཀའ་ངལ་ལས་བཟོ་བའི་ཁྱིམ་ཚང་ཁྲི7.1ཚང་མས་དཀའ་ཐར་སྡུག་ཐར་བྱུང་བ་མངོན་འགྱུར་བྱས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། ཡུན་ནན་ཞིང་ཆེན་གྱི་གྲོང་ཁྱེར་དཀའ་ངལ་ལས་བཟོ་བའི་དཀའ་ཐར་སྡུག་ཐར་གྱི་གཟེངས་བསྟོད་ཚོགས་ཆེན་ཁུང་མིན་ནས་བསྡུས། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2016ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་གྲོང་ཁྱེར་གྱི་དཀའ་ངལ་ལས་བཟོ་བའི་དཀར་ཐར་སྡུག་ཐར་གྱི་བྱ་བར་སྐུལ་འདེད་བཏང་སྟེ། དུས་ཡུན་ལོ5ལྷག་གི་རིང་མུ་མཐུད་དུ་འབད་བརྩོན་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་དཀའ་ངལ་ལས་བཟོ་བའི་ཁྱིམ་ཚང་ཁྲི7.1ཚང་མས་དཀའ་ཐར་སྡུག་ཐར་བྱུང་བ་མངོན་འགྱུར་བྱས།

ཚོགས་ཐོག་ཏུ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་དོན་འདིའི་ཁྲོད་བྱས་རྗེས་འབུར་ཐོན་ཡིན་པའི་ཁུང་མིན་གྲོང་ཁྱེར་ཅི་ཉིན་ཆུས་སྤྱི་ཁྱབ་བཟོ་ཚོགས་སོགས་ཚོགས་པ10ལ་ཡུན་ནན་ཞིང་ཆེན་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་བསྟོད་གནང་བ་དང་། ལིའུ་ཀོས་ཧུང་སོགས་མི20ལ་ཡུན་ནན་ཞིང་ཆེན་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་བསྟོད་བྱས་པ་མ་ཟད། ཞུན་ཏེན་རྫོང་སྤྱི་ཁྱབ་བཟོ་ཚོགས་སོགས་སྔོན་ཐོན་ཚོགས་པ50དང་། ཉིའུ་ཡུང་སོགས་སྔོན་ཐོན་མི་སྒེར100ལ་གཟེངས་བསྟོད་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།