ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་དུ་ཚེས25ཉིན་ཕྱི་རྒྱལ་ནས་མཆེད་པའི་གསར་ཏུ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ18ཀྱིས་ཇེ་མང་དུ་ཕྱིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ7པའི་ཚེས26ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ཚེས25ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24བར། ཡུན་ནན་ཞིང་ཆེན་དུ་རང་སའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་གཏན་འཁེལ་དང་ནད་རྟགས་མེད་པའི་ནད་པ་གསར་བ་བྱུང་མེད་ལ། ཕྱི་རྒྱལ་ནས་ཡོང་བའི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ18དང་ནད་རྟགས་མེད་པའི་ནད་པ1གསར་སྣོན་བྱུང་ཡོད། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ7(རང་སའི་ནད་པ5དང་ཕྱི་རྒྱལ་ནས་ཐོན་པའི་ནད་པ2)སྨན་བཅོས་བྱས་ཏེ་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད། ཟླ7པའི་ཚེས25ཉིན་གྱི་ཆུ་ཚོད24བར། ཡུན་ནན་ཞིང་ཆེན་དུ་ད་ལྟའི་བར་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ308(རང་སའི་ནད་པ69དང་ཕྱི་རྒྱལ་ནས་ཐོན་པའི་ནད་པ239)ཡོད། ནད་རྟགས་མེད་པའི་ནད་པ28(རང་སའི་ནད་པ2དང་ཕྱི་རྒྱལ་ནས་ཡོང་བའི་ནད་པ26)ཡོད་པ་ཚང་མ་གནས་གཏན་འཁེལ་བྱས་པའི་སྨན་བཅོས་སྒྲིག་གཞིར་ལོགས་བཀར་གྱིས་སྨན་བཅོས་བྱེད་པའམ་ཡང་ན་གསོ་རིག་གི་ལྟ་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།