ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་ཕྱིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་བཟུང། བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་ཕྱིན་ནས་ཁུལ་ཡོངས་ཀྱི་གདུང་མའི་ཐོན་ལས་སུ་གྱུར།

        ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་།  བདེ་ཆེན་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཕལ་ཆེར་མི་ཐེངས་དུང་ཕྱུར1.01སྣེ་ལེན་བྱས་ཡོད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་བསྡུར་ན60.46%གིས་འཕར་ཡོད།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1107.72ཟིན་ཡོད་ལ།  ཁྱོན་བསྡོམས་པས་རིག་གནས་ཡུལ་སྐོར་གྱི་འཛུགས་སྐྲུན་རྣམ་གྲངས20ལྷག་སྐུལ་འདེད་བཏང་བས། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར151.053ལེགས་གྲུབ་བྱུང་ཡོད།  2020ལོའི་བར་དུ།  བདེ་ཆེན་ཁུལ་ལ་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ལས་ཁུངས7དང་།  ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ལས་ཁུངས12། ཁུལ་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས34དང་། རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་49ཡོད་ལ།  ཁུལ་རིམ་པའི་དངོས་མང་བཤམས་སྟོན་ཁང2དང་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེ21།   ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན1།   ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲོང་རྡལ་གྲགས་ཅན1ཡོད་བཅས་ཡོད་པ་མ་ཟད།   རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་མིང་ཐོའི་རྣམ་གྲངས8དང་། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་མིང་ཐོའི་རྣམ་གྲངས29།   ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་མིང་ཐོའི་རྣམ་གྲངས120ཡོད་པ་དང་།  རྒྱལ་ཁབ་རིམ་པའི་རྒྱུད་འཛིན་མཁན5དང་ཞིང་ཆེན་རིམ་པའི་རྒྱུད་འཛིན་མཁན52།   ཁུལ་རིམ་པའི་རྒྱུད་འཛིན་མཁན53།   རྫོང་རིམ་པའི་རྒྱུད་འཛིན་མཁན213ཡོད་པ་རེད།       སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འབའ་ལུང་རྫོང་བར་དང་འབའ་ལུང་རྫོང་ནས་འཇོལ་རྫོང་བར་གྱི་བགྲོད་ལམ་གཙོ་བོ་གསར་དུ་བསྣན་པ་དང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འདབ་པ་བར་གྱི་རིམ་པ་དང་པོའི་བགྲོད་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པར་ལྗོངས་ཁུལ་གྱི་ཆེད་སྤྱོད་གཞུང་ལམ་འཛུགས་སྐྲུན་འཐུས་ཚང་དུ་དང་། རྫ་ཆུའི་རྒྱུད་ཀྱི་ཡུལ་ལྗོངས་ལམ་ཐིག་འཛུགས་སྐྲུན་བཅས་བྱས་ནས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་འགྲིམ་འགྲུལ་ལམ་ཐིག་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་ཡོད།

ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ།  རང་ཁུལ་གྱིས་ལྗང་མདོག་ནི་གཙོ་མདོག་ཡིན་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་བྱེད་པ་དང་།  ཡུལ་སྐོར་གསར་བརྗེའི་རིམ་པ་གསུམ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་ཏན་ནུབ་ཆེན་པོའི་ཡུལ་སྐོར་སྐོར་ལམ་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་འཛམ་གླིང་རིམ་པའི་སྤུས་རྟགས་འཛུགས་སྐྲུན་ལ་ཧུར་ཐག་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་། ཡུལ་སྐོར་ཐོན་ལས་ཀྱི་གཞི་ཁྱོན་དང་སྤུས་རྟགས་རྒྱུན་མི་ཆད་པར་གོང་དུ་གཏོང་བ་བཅས་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མཇུག་ཏུ་ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་བསྡོམས་འཕར་ཐང་1/3ཡན་དུ་འཕར་བར་བརྩོན་ལེན་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།