ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོགས་པ་བདེ་ཆེན་དུ་བསྐྱོད་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས16ནས20བར་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་སྟེགས་བུ་དང་འོད་ཟེར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་སོགས་སྨྱན་སྦྱོར་ཚན་པ10ལྷག་ཙམ་གྱི་གསར་འགོད་པས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70ལོན་པར་དྲན་གསོ་ཞུ་བའི་ཀྲུང་དབྱང་སྨྱན་སྦྱོར་ཚན་པའི་བཅར་འདྲི་ཚོགས་པ་བདེ་ཆེན་དུ་བསྐྱོད་ནས་བདེ་ཆེན་ཁུལ་གྱི་དབུལ་ཐར་འགག་སྒྲོལ་དང་། མི་རིགས་མཐུན་སྒྲིལ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། མི་རིགས་རིག་གནས་རྒྱུན་འཛིན་བཅས་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དང་འགྱུར་ལྡོག་ཆེན་པོ་སྔོག་འདོན་གཏིང་ཟབ་བྱས་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བཅར་འདྲི་ཚོགས་པས་ཡང་ཐང་གྲོང་རྡལ་དང་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་དུ་བསྐྱོད་དེ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱིས་ཞིང་དུད་ལ་འབབ་འཕར་དང་གྲོང་ཚོའི་འཕེལ་རྒྱས་ལ་འགྱུར་ལྡོག་བྱུང་བ་དང་དེ་བཞིན་མི་རིགས་མང་པོའི་མཐུན་སྒྲིལ་འཚོ་བའི་གཏམ་རྒྱུད་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

འབའ་ལུང་རྫོང་དུ་བཅར་འདྲི་ཚོགས་པ་ཞིང་དུད་ཀྱི་ཁྱིམ་དང་ཞིང་ཁར་བསྐྱོད་དེ་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱིས་ས་གནས་ཀྱི་ལི་སུའུ་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་མི་རྣམས་དགའ་འོས་པའི་འགྱུར་ལྡོག་བྱུང་བ་མྱོང་ཚོར་ཟབ་མོ་བྱུང་བ་དང་། མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་ཀྱིས་བཅར་འདྲི་ཚོགས་པའི་ཁོངས་མིར་སེམས་འགུལ་ཟབ་མོ་ཐེབས་ཡོད།

འཇོལ་རྫོང་དུ་བཅར་འདྲི་ཚོགས་པ་ཀོང་རྩེད་ར་གྲོང་རྡལ་དང་འཇོལ་རྫོང་སློབ་ཆུང་དང་པོར་ཕྱིན་ནས་ཡུན་ནན་ནས་བོད་ལྗོངས་གཞུང་ལམ་བཟོ་སྐྲུན་དང་གཟུགས་འདས་ཤུལ་བཞག་རིག་གནས་སློབ་གྲྭ་སྤེལ་བ་སོགས་ཀྱི་གཏམ་རྒྱུད་བཅར་འདྲི་གཏིང་ཟབ་བྱས། 

བཅར་འདྲི་བྱེད་རིང་སྨྱན་སྦྱོར་ཚོགས་པས་སྨྱུ་གུ་དང་བརྙན་ཤེལ། སྐད་སྦུག་གཞི་རིམ་གྱི་མང་ཚོགས་ལ་ཁ་གཏད་ནས་ལྟ་ཕྱོགས་དང་རྣམ་པ་མི་འདྲ་བའི་ངང་ལོ་བཅུ་ཕྲག་ཁ་ཤས་རིང་བདེ་ཆེན་ལ་བྱུང་བའི་འགྱུར་ལྡོག་དང་མི་དམངས་མང་ཚོགས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་དུས་རབས་གསར་པ། བདེ་ཆེན་གསར་པའི་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་མངོན་པ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།