ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་དཔལ་འབྱོར་བརྟན་བརླིང་ངང་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན་ཡུན་ནན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་ཡུན་ནན་ཞིང་ཆེན་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གཞི་གྲངས་ཁྱབ་བསྒྲགས་བྱས་ཤིང་། ད་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར12740.68ལེགས་འགྲུབ་བྱས་པ་དང་དུས་མཉས་ལས12.0%འཕར་ཡོད། ལོ་གཉིས་ནང་ཆ་སྙོམས་སུ6.1%འཕར་ཏེ། དཔལ་འབྱོར་བརྟན་བརླིང་ངང་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད། 

ད་ལོ་ནས་བཟུང་ཡུན་ནན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྤྱི་འདོམས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་ཆེས་ཆེར་སླར་གསོ་བྱུང་བ་དང་བཟོ་ལས་བརྟན་པོའི་ངང་སླར་གསོ་བྱུང་བ།དངུལ་གཏོང་བརྟན་པོའི་ངང་འཕར་བ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་མགྱོགས་མྱུར་སྒོས་མངོན་པར་འབད་བརྩོན་ལྷོད་མེད་བྱས་པས། དཔལ་འབྱོར་འཕེལ་རྒྱས་བརྟན་པོ་དང་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད། ཐོན་ལས་ཐེངས་གསུམ་པའི་ཁྲོད་ཐོན་ལས་དང་པོའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར1146.48ཟིན་པ་དང་དུས་མཚུངས་ལས8.8%འཕར་ཡོད་ཅིང་། ལོ་གཉིས་ནང་ཆ་སྙོམས་སུ5.3%འཕར་ཡོད། ཐོན་ལས་གཉིས་པའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར4496.32ཟིན་པ་དེ་དུས་མཚུངས་ལས12.8%འཕར་བ་དང་། ལོ་གཉིས་ནང་ཆ་སྙོམས་སུ6.5%འཕར་ཡོད། ཐོན་ལས་གསུམ་པའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར707.88ཟིན་པ་དེ་དུས་མཚུངས་ལས11.9%འཕར་བ་དང་ལོ་གཉིས་ནང་ཆ་སྙོམས་སུ6.0%བཅས་འཕར་ཡོད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།