ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྟེན་གཞི་སྐོར་ཞིག་བསྐྲུན་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཡུན་ནན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས《ཡུན་ནན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྟེན་གཞི་འཛུགས་སྐྲུན་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》མཉམ་དུ་གཏན་འབེབས་བྱས་ཏེ། ཞིང་ཆེན་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྟེན་གཞི་སྐོར་ཞིག་བཙུགས་ནས་ཡུན་ནན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྟེན་གཞི་འཛུགས་སྐྲུན་བྱེད་སྐབས“ལས་དོན་ཆེན་པོ་སྒྲུབ་པར་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ་དང་ལས་དོན་མི་སྒྲུབ་པར་རྒྱབ་སྐྱོར་མི་བྱེད་པའི”རྩ་དོན་སྤྱད་དེ་མཁྲེགས་ཆས་སྒྲིག་བཀོད་དང་ལམ་སྲོལ་འཛུགས་སྐྲུན་སོགས་ཀྱི་ཆ་རྐྱེན་འཛོམས་པའི་རེ་ཞུའི་སྡེ་ཚན་ལ་གཏན་འབེབས་གཞིར་བཟུང་སྟེ་རྣམ་གྲངས་ཀྱི་མ་དངུལ་སོགས་རྒྱབ་སྐྱོར་བྱ་རྒྱུ་རེད།

དུས་འགོའི་ཞུ་ཡིག་འབུལ་བའི་ལས་དོན་ལ་དམིགས་ནས་ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་དང་འདྲ་མཉམ། དྲང་གཞག རང་མོས་བཅས་ཀྱི་སྙན་ཞུའི་རྩ་དོན་ལ་བརྩི་སྲུང་བྱས་ཏེ་རྣམ་གྲངས་དོ་དམ་དང་སྙན་ཞུའི་ལམ་ལུགས་ཕན་ཚུན་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་གཏན་འབེབས་བྱས་པའི་དབང་ཚད་དང་ཁྱབ་ཁོངས། ཆ་རྐྱེན།གོ་རིམ་བཅས་གཞིར་འཛིན་རྒྱུ་ཡིན། ཁུལ(གྲོང་ཁྱེར)སོ་སོའི་སློབ་གསོ་དང་ལུས་རྩལ་ཅུའུ་དང་ཁུལ(གྲོང་ཁྱེར)གྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང(ཅུའུ)གིས་ས་གནས་སོ་སོའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྟེན་གཞིའི་ཡིག་ཐོག་སྙན་ཞུར་རྩ་འཛུགས་དང་། ཐོག་མའི་གྲོས་ཞིབ། འོས་སྦྱོར། མཐུན་སྦྱོར་དོ་དམ་བཅས་ཀྱི་བྱ་བའི་འགན་འཁུར་དགོས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།