ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས《ས་མཐོའི་དར་མཐའི་རྩི་ཤིང》དང《བདེ་ཆེན་གྱི་གནའ་སྡོང》ཅེས་པའི་མུ་འབྲེལ་དཔེ་ཚོགས་པར་སྐྲུན་བྱས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་ཁུལ་གྱིས《ས་མཐོའི་དར་མཐའི་རྩི་ཤིང》དང《བདེ་ཆེན་གྱི་གནའ་སྡོང》ཅེས་པའི་མུ་འབྲེལ་དཔེ་ཚོགས་པར་བསྐྲུན་བྱས་པ་དེས་བདེ་ཆེན་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྙན་པར་དཔྱད་ཡིག་གི་སྟོང་ཆ་གསབ་ནས་བདེ་ཆེན་གྱི་གཙང་གསུམ་མཉམ་རྒྱུག་ལྟེ་བའི་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ་དང་སྐྱེ་ཁམས་མ་ལག་དེ་འཐུས་ཚང་རང་བཞིན་ཡིན་པ་མཚོན་ཡོད།《བདེ་ཆེན་ཁུལ་གྱི་གཙང་གསུམ་མཉམ་རྒྱུག་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱེད་པའི་རྣམ་གྲངས་ཀྱི་རིམ་སྤེལ་དཔེ་ཚོགས》ནི་བདེ་ཆེན་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས《བདེ་ཆེན་ཁུལ་གྱི་གཙང་གསུམ་མཉམ་རྒྱུག་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱེད་པའི་རྣམ་གྲངས》ལག་བསྟར་བྱེད་རྒྱུར་སྒྲིག་འཛུགས་བྱས་པའི་ཁྲོད་བདེ་ཆེན་ཁུལ་གྱི་ས་ཁོངས་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱས་པའི་གལ་ཆེའི་ཟིན་ཐོ་ཞིག་རེད། དཔེ་ཚོགས་དེ《ས་མཐོའི་དར་མཐའི་རྩི་ཤིང》དང 《ལུང་ཤུར་གྱི་རྩི་ཤིང》།《ནགས་ཚལ་དང་ནགས་འདབས་ཀྱི་རྩི་ཤིང》།《ས་མཐོའི་ན་ཁ་དང་འདམ་རའི་རྩི་ཤིང》།《ས་མཐོའི་སྟག་མའི་མེ་ཏོག》།《རི་སྐྱེས་ཤ་མོའི་རིགས》།《བདེ་ཆེན་གྱི་རི་སྐྱེས་སྲོག་ཆགས》བཅས་དེབ་བདུན་དུ་དབྱེ་ཡོད། དེའི་ནང་དུ《ས་མཐོའི་དར་མཐའི་རྩི་ཤིང་》ཞེས་པར་བདེ་ཆེན་ཁུལ་གྱི་གཙང་གསུམ་མཉམ་རྒྱུག་ཁུལ་གྱི་རི་མཐོའི་དར་མཐའི་ཁུལ་གྱི་རྩི་ཤིང420འདུས་ཡོད། རྩི་ཤིང་དེ་དག་ལ་སྤྱན་གཟིགས་རོལ་མྱོང་དང་སྨན་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་པས་བདེ་ཆེན་གྱི་སྐྱེ་ཁམས་མ་ལག་ཧྲིལ་པོ་འཛུགས་སྐྲུན་དང་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན།

《བདེ་ཆེན་གྱི་གནའ་སྡོང》ནི་བདེ་ཆེན་ཁུལ་གྱི་གནའ་ཤིང་གྲགས་ཅན་སྲུང་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་དང་དཔེ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པའི་དཔེ་དེབ་ཅིག་རེད། དཔེ་དེབ་གསུམ་ལ་དབྱེ་ཡོད་པ་དེའི་ནང་སེམས་ཀྱི་ཉི་ཟླ་དང་།  འཇོལ་རྫོང་།  འབའ་ལུང་ས་ཁོངས་བཅས་སུ་རྒྱལ་ཡོངས་ཀྱི་གནའ་བོའི་ཤིང་སྣའི་དོ་དམ་མ་ལག་ནང་བཅུག་པའི་གནའ་བོའི་ཤིང་སྡོང1130ཡོད་པ་དེའི་ནང་གནའ་བོའི་ཤིང་སྡོང་52དང་ལོ500ཡན་གྱི་རིམ་པ་དང་པོའི་གནའ་བོའི་ཤིང་སྡོང32ཡོད། ལོ300ནས་ལོ499བར་གྱི་རིམ་པ་གཉིས་པའི་གནའ་སྡོང134ཡོད། ལོ100ནས299་བར་གྱི་རིམ་པ་གསུམ་པའི་གནའ་སྡོང244བཅས་ཡོད། དཔེ་ཚོགས་དེ་ནི་པར་རིས་དང་ཡིག་གཟུགས་སྦྲགས་མའི་རྣམ་པ་བརྒྱུད་ནས་ཤིང་གི་ལོ་ཚད་དང་། སྐྱེ་འཚར་གྱི་གནས་ཚུལ། ཤིང་གི་ཁྱད་ཆོས། ལ་ཏིང་ཡི་གེའི་འབོད་སྟངས།  ས་གནས་དེ་གའི་འབོད་མིང་སོགས་ཞིབ་ཕྲ་བཀོད་ཡོད་པ་མ་ཟད། གནའ་སྡོང་རེ་རེའི་རྩ་གཉིས་ཨང་རྟགས་ཀྱང་ཟུར་དུ་བཀོད་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།