ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གླུ་གཞས་འགྲན་བསྡུར་སྤེལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན།  བདེ་ཆེན་ཁུལ་སློབ་གསོ་དང་ལུས་རྩལ་ཅུའུ་ཡིས་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེན་དུ་བདེ་ཆེན་ཁུལ་གྱིས་ཏང་དབུ་བརྙེས་ནས་ལོ100འཁོར་བར། བདེ་སྐྱིད་ཀྱི་ལམ་བུར་གླུ་དབྱངས་ལེན་ཞེས་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གླུ་གཞས་འགྲན་བསྡུར་སྤེལ་བ་དང་།  ཐེངས་འདིའི་འགྲན་བསྡུར་དུ་སློབ་ཆུང་ཚན་ཆུང་དང་སློབ་འབྲིང་ཚོ་ཆུང་གི་ཁག་བགོས་ཡོད་ལ་ཁྱོན་རུ་ཁག14འགྲན་བསྡུར་ནང་ཞུགས་ཡོད་པ་རེད།  མཐར་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་སློབ་འབྲིང་ཚོ་ཆུང་གི་ཨང་དང་པོ་བླངས་པ་དང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གིས་སློབ་ཆུང་ཚོ་ཆུང་གི་ཨང་དང་པོ་བླངས་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།