ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་ན་གཞོན་གླུ་བ་འགྲན་བསྡུར་ངོ་མཚར་ཆེ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

4.jpg

5.jpg

3.jpg

པར་འདི་དག་ནི་འགྲན་བསྡུར་ཡུལ་དངོས་ཀྱི་གླུ་བ་གླུ་མ་དང་ལྟད་མོ་བ་རྣམས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13གྱི་མཚན་མོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྤེལ་བའི“གླུ་སྐད་སྙན་མོ་སེམས་ཀྱི་ཉི་ཟླར་ཁྱབ”ཞེས་པའི་སྐབས་དྲུག་པའི་ན་གཞོན་གླུ་བ་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་དེ་རྡོ་མཁར་རྫོང་གནའ་གྲོང་གི་ཟླ་འོད་ཐང་ཆེན་དུ་བསྡུས་པ་དང་། འགྲན་བསྡུར་ནང་ཞུགས་མཁན་གྱི་གླུ་བ་གླུ་མ་དག་གིས་གླུ་སྐད་སྙན་མོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་པ་རེད། 

དགོང་ཚོགས་ཁྲོད་ཀོང་ཞི་དང་ཧུའུ་ནན། སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ནས་ཡོང་བའི་གླུ་བ་གླུ་མ90ཐོག་མའི་འགྲན་བསྡུར་དང་། རྟིང་རྩོད་འགྲན་བསྡུར། སྤྱིའི་རྟིང་རྩོད་འགྲན་བསྡུར་བཅས་ཛ་དྲག་ཆེ་བའི་འགྲན་བསྡུར་བརྒྱུད་མཐར་ཙོ་ཙེའི《ཡུན་ནན》ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཀླུ་རོང་ཉི་མའི《རི་བོ་ཆེན་པོའི་མི》དང་ཉི་མ་ལྷ་མོའི《མ་འཇིགས་ཤིག》ཅེས་པར་བྱ་དགའ་ཨང་གཉིས་པ་ཐོབ། སན་ཏོ་ཁྲོན་ཞིན་ཚོགས་པའི《མུན་ནག་ཁྲོད་ཀྱི་འོད》དང་ཧྲིན་ཧྲའོ་ཆོན་གྱི《བདེ་ཆེན》། ལིའུ་ཞའོ་ལིའི《ཁྱོད་མེད་དུས་ང་རང་ཁེར་རྐྱང་དུ་ལུས》བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། གླུ་བ་དེ་དྲུག་པོས་གར་སྟེགས་སྟེང་དུ་སྐབས་སྔོན་མའི་ན་གཞོན་གླུ་བ་འགྲན་བསྡུར་ནང་རྒྱལ་ཁ་བླངས་པའི་གླུ་བ་གླུ་མ་དང་མཉམ་དུ་སྤྲོ་སེམས་འཁོལ་བའི་ངང་ཏང་དང་རྒྱལ་ཁབ། བདེ་ཆེན་བཅས་བརྩེ་སེམས་མཚོན་པའི་གླུ་གཞས་བླངས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།