ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ལས་བཟོ་བའི་ཡིག་རིས་དང་པར་ལེན་བརྩམས་ཆོས་ཀྱི་འགྲན་སྡུར་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5bfa89b3b2d99e5849e09547725a1f9.jpg

5bfa89b3b2d99e5849e09547725a1f9.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན། “ཀྲུང་གོའི་ཕུགས་འདུན། མཛེས་པའི་ངལ་རྩོལ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་དང་པོའི་ལས་བཟོ་བའི་ཡིག་རིས་དང་པར་ལེན་བརྩམས་ཆོས་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་། དེ་བཞིན་བརྩམས་ཆོས་འགྲེམས་སྟོན་གྱི་མཛད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལས་བཟོ་བའི་ཞབས་ཞུའི་ལྟེ་གནས་སུ་འཚོགས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཡིག་རིས་འགྲན་བསྡུར་ལ་འགྲན་ཞུགས་བརྩམས་ཆོས479འབྱོར་བའི་ནང་། ཡིག་གཟུགས་ཀྱི་བརྩམས་ཆོས148དང་། རི་མོའི་བརྩམས་ཆོས79། པར་རིས་བརྩམས་ཆོས252བཅས་ཡོད་ལ། ཆེད་མཁས་པས་དཔྱད་ཞིབ་བྱས་མཐར་ཕུལ་བྱུང་ཡིག་གཟུགས་བརྩམས་ཆོས58དང་། རི་མོའི་བརྩམས་ཆོས34། པར་རིས་བརྩམས་ཆོས40བཅས་བདམས་ནས་གཟེངས་བསྟོད་བྱས་པ་མ་ཟད། བྱ་དགའ་ཐོབ་པའི་བརྩམས་ཆོས་དང་ཞིབ་དཔྱད་ཨུ་ཡོན་གྱི་བརྩམས་ཆོས་སོགས་བདམས་ཏེ་འགྲེམས་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།