ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་གཅིག་གུང་གསེང་སྐབས་བདེ་ཆེན་གྱི་ཡུལ་སྐོར་སླར་གསོ་བྱུང་ཡོད།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ5པའི་ཚེས་1ཉིན་ནས་ཚེས་5ཉིན་གྱི་བར་དུ་བདེ་ཆེན་ཁུལ་གྱི་ཁྱོན་མི་ཐེངས312923སྣེ་ལེན་བྱས་པ་དང་ན་ནིང་གི་དུས་མཉམ་དང་བསྡུར་ན47.7%འཕར་ཡོད། 2021ལོའི་ལྔ་གཅིག་གུང་གསེང་སྐབས་ཀྱི་སྔོན་གྱི་ཉིན་བཞི2019ལོ་དང་བསྡུར་ན་མི་གྲངས53.56%མར་ཆག་ཡོད་པ་དང་ཡོང་འབབ་54.14མར་ཆག་ཡོད་པ་རེད།

ལམ་ཐག་ཐུང་བ་དང་སྒེར་འཁོར་གཏོང་བའི་ལམ་ཐིག་ལ་དགའ་བསུ་ཐོབ།

1.jpg

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།

བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་མཚམས་སྦྱོར་བྱས་པ་གཞིགས་ན།  ཐེངས་འདིའི་གུང་གསེང་སྐབས་སྟག་མཆོང་གྲོག་རོང་དང་པོ་ཏ་མཚོ། སུམ་རྩེན་གླིང་སོགས་ལམ་ཐག་ཅུང་ཐུང་བའི་ལྗོངས་ཁུལ་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། སྒེར་འཁོར་གཏོང་བའི་ལམ་ཐིག་སྟེ་སྨན་རི་ལྗོངས་ཁུལ་དང་འབའ་ལྷག་དཀར་རྫོང་བཅས་དགའ་བསུ་ཅུང་ཆེན་པོ་ཐོབ་པ། པོ་ཏ་མཚོ་དང་སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་གྲངས་རིམས་ནད་མ་བྱུང་གོང་གི་ཆུ་ཚད་ལ་ཕལ་ཆེར་སླེབས་ཡོད།

2.jpg

སྟག་མཆོང་གྲོག་རོང་།

ཟླ5པའི་ཚེས4ཉིན།  ལྗོངས་ཁུལ་སོ་སོ་ཡིས་ཡུལ་སྐོར་བ་སྣེ་ལེན་བྱས་གྲངས་མཐོ་ཤོས་སུ་སླེབས་ཏེ། པོ་ཏ་མཚོ་ཡིས་མི་ཐེངས3267སྣེ་ལེན་བྱས་པ་དང་སུམ་རྩེན་གླིང་ལྗོངས་ཁུལ་གྱིས་མི་ཐེངས3134སྣེ་ལེན་བྱས་པ།  སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་མི་ཐེངས3621སྣེ་ལེན་བྱས་པ།  སྨན་རི་ལྗོངས་ཁུལ་གྱིས་མི་ཐེངས3287སྣེ་ལེན་བྱས་ཡོད་པ་རེད།

རིག་གནས་ཡུལ་སྐོར་རྣམ་གྲངས་ལྔ་གཅིག་གུང་གསེང་སྐབས་ཀྱི་ཐོན་རྫས་གཙོ་བོར་གྱུར་བ།

3.jpg

བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་།

ཉེ་བའི་ལོ་འགའི་རིང་།  བདེ་ཆེན་ཁུལ་གྱིས་རིག་གནས་ཡུལ་སྐོར་ཁྲོམ་ར་ལ་སྐྱེད་སྲིང་བྱས་པ་དང་། མི་རིགས་དང་ལོ་རྒྱུས་རིག་གནས་གཉིས་ཀ་ཡུལ་སྐོར་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ།  ཁྲོམ་རའི་ལྟ་འདོད་ཅིང་ཉན་སྤྲོ་བའི་ཡུལ་སྐོར་ཐོན་རྫས་བཞེངས་སྐྲུན་བྱས་ནས་རྒྱ་ཆེ་བའི་ཡུལ་སྐོར་རྣམས་ཀྱི་རིག་གནས་དགོས་མཁོ་སྐོང་བ་རེད།  ལྔ་གཅིག་གུང་གསེང་རིང་རང་ཁུལ་གྱིས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུས་པའི་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་ཞེས་པ་བརྗོད་གཞི་བྱས་པའི་ལྔ་གཅིག་རིག་གནས་ཡུལ་སྐོར་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ཉིན་ལྟར་རྡོ་མཁར་རྫོང་དུ་གླུ་གར་གྱི་ཁྱབ་པ་དང་ཡུལ་སྐོར་བའི་གདེང་འཇོག་རྒྱུན་མི་ཆད་པ་ཐོབ། སུམ་རྩེན་གླིང་ལྗོངས་ཁུལ་གྱིས་ཇ་རྟ་འདྲེན་ལམ་གྱི་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། ལོ་རྒྱུས་རིག་གནས་སྔོག་འདོན་བྱས་པ་དང་ལྗོངས་ཁུལ་གྱི་རིག་གནས་ཐོན་རྫས་བཞེངས་སྐྲུན་བྱས། དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དང་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གིས་དམར་པོའི་ལོ་རྒྱུས་དང་བདེ་ཆེན་གྱི་མི་རིགས་ལོ་རྒྱུས་ལ་དམིགས་ནས་ཕུན་སུམ་ཚོགས་པའི་འགྲེམ་སྟོན་རིག་གནས་བཞེངས་སྐྲུན་བྱས་པ་མ་ཟད། གུང་གསེང་སྐབས་དུས་འགྱངས་ནས་སྒོ་འབྱེད་པ་དང་ལྟ་སྐོར་མི་གྲངས་ཀྱང་མཐོ་ཚད་གསར་པ་བཏོད་ཡོད་པ་རེད།

4.jpg

དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་།

ཡུལ་སྐོར་ཞབས་ཞུའི་འགན་ལེན་ལེགས་སུ་གཏོང་བ།

བདེ་ཆེན་ཁུལ་གྱི་ལྗོངས་ཁུལ་ཁག་གིས་གུང་གསེང་སྐབས་ཡུལ་སྐོར་བའི་སྣེ་ལེན་ལས་ཀ་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་།  ལྗོངས་ཁུལ་ཁག་གི་སྒྲིག་ཆས་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་ནས་མགྲོན་ཁང་དང་ལྟ་སྐོར་སོགས་ཡུལ་སྐོར་བའི་དགོས་མཁོ་སྐོང་ཐུབ་པར་ཁག་ཐེག་བྱས་པ།  ལྗོངས་ཁུལ་མི་ཉུང་བས་པ་སེའི་རིན་གོང་མར་ཆག་པ་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བའི་སྤྱིར་བཏང་གི་འགྲིམ་འགྲུལ་སྒྲིག་འགལ་ལ་དྲན་སྐུལ་གསལ་བརྡ་བྱས་ནས་སེམས་ཀྱི་ཉི་ཟླར་ཞུགས་པའི་ཡུལ་སྐོར་བ་རྣམས་ལ་ནུས་ལྡན་གྱི་འགན་ལེན་བཏོན་པ་རེད།

5.jpg

ནགས་ཕག་མཚོ།

རིམས་ནད་སྔོན་འགོག་ཚོད་འཛིན་ལྷོད་གཡེང་དུ་མི་གཏོང་བ།

ལྔ་གཅིག་རིག་གནས་ཡུལ་སྐོར་གཟའ་འཁོར་བྱེད་སྒོའི་ཡུལ་དངོས་སུ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ལས་བྱེད་མི་སྣ་དག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་ནན་པོ་བྱས་ཡོད་པ་དང་།  ལྗོངས་ཁུལ་ཁག་གིས་ཀྱང་མི་ཚོགས་མང་བའི་དུས་སུ་བཞུར་ཚད་ཚོད་འཛིན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་ཏན་ཏིག་བྱས་པ་རེད། །

6.jpg

རྡོ་མཁར་རྫོང་།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།