ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་​ནགས་ཕག་མཚོ་ལྗོངས་ཁུལ་ལ་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ནགས་ཕག་མཚོ། 

3.jpg

ནགས་ཕག་མཚོ་འདམ་ར་སྤྱི་གླིང་དང་ཡུལ་སྐོར་བ་རྣམས།

2.jpg

ནགས་ཕག་མཚོ། 

4.jpg

ནགས་ཕག་མཚོ་འདམ་ར་སྤྱི་གླིང་དང་ཡུལ་སྐོར་བ་རྣམས།

5.jpg

མཚོ་ཁ་རུ་པར་རྒྱག་བཞིན་པའི་ཡུལ་སྐོར་བ།

6.jpg

ནགས་ཕག་མཚོ། 

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་གཅིག”གུང་གསེང་སྐབས་སུ་ནགས་ཕག་མཚོ་འདམ་རའི་སྤྱི་གླིང་གིས་ཕྱོགས་བཞིའི་མགྲོན་པོ་བསུས་ཤིང་། གསར་འགོད་པས་ཉིན་འགའི་རིང་ལ་ནགས་ཕག་མཚོ་ཉེ་འཁོར་གྱི་རྟ་རྒྱུག་ར་བ་དང་རླངས་འཁོར་འདུག་སར་སྒེར་འཁོར་དང་མགྲོན་སྐྱེལ་རླངས་འཁོར་མང་པོ་ཡོད་པ་དང་། ཡུལ་སྐོར་བ་རྣམས་ཀྱིས་ལ་ལས་རྟ་ཞོན་པ་དང་། ལ་ལས་རྐང་ཐང་དུ་རྩྭ་ཐང་བརྒྱུད་དེ་ལྗོངས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཉམས་ལེན་བྱེད་བཞིན་ཡོད་པ་མཐོང་། 

ནགས་ཕག་མཚོ་རུ་ད་དུང་དཔྱིད་དྲོད་བབས་ཏེ་མེ་ཏོག་བཞད་པའི་དུས་ཚིགས་སླེབས་མེད་ཀྱང་ཡུལ་ལྗོངས་དངོས་གནས་ལྟ་ན་སྡུག་པ་ཞིག་ཡིན་པས། ཡུལ་སྐོར་བ་ཚོས་སྒེར་འཁོར་བཏང་ནས་དེར་སླེབས་ཏེ་རྩྭ་ཐང་ནས་རྟ་ཞོན་པ་དང་། མདའ་འཕེན་པ་སོགས་ཀྱི་བྱ་འགུལ་ནང་ཞུགས་ནས་གུང་གསེང་དུས་ཆེན་རོལ་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གུང་གསེང་རིང་ལ་སྒེར་འཁོར་གཏོང་བ་ནི་རྒྱ་ཆེའི་ཡུལ་སྐོར་བ་སེམས་ཀྱི་ཉི་ཟླ་རུ་ཡོང་བའི་ཐབས་ལམ་བཟང་པོ་ཞིག་ཏུ་གྱུར་ཡོད་ལ། ནགས་ཕག་མཚོ་འདམ་རའི་སྤྱི་གླིང་དུ་ཉིན་རེར་རླངས་འཁོར་ལྔ་བརྒྱ་ལྷག་ཙམ་བརྒྱུད་ནས་མཚོ་སྐོར་རྒྱག་པ་དང་ལྟ་སྐོར་བྱེད་པས། གནས་དེ་ཡང་རྒྱ་ཆེའི་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་ཡུལ་སྐོར་ལམ་ཐིག་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།