ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་སློབ་ཆུང་གིས་ཁྱད་པར་ཅན་གྱི་འཛིན་གྲྭའི་ཚོགས་འདུ་ཞིག་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་སློབ་ཆུང་གིས་ཐུན་མོང་མ་ཡིན་པའི་བརྗོད་བྱ་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་ཞིག་འཚོགས་པ་དང་། འཛིན་གྲྭའི་ཚོགས་འདུ་ནང་ཁྱིམ་བདག་གི་འཐུས་ཚབ་པ་ཞུགས་ཡོད་པ་མ་ཟད། བདེ་ཆེན་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་སྐལ་བཟང་མེ་ཏོག་ལོ་ན་མ་སོན་པའི་གཞོན་ནུའི་ནག་ཉེས་ཞིབ་བཤེར་ཚོགས་པའི་ལས་དོན་མི་སྣ་ཡང་ཞུགས་ཡོད།

སྐལ་བཟང་མེ་ཏོག་ལོ་ན་མ་སོན་པའི་གཞོན་ནུའི་ནག་ཉེས་ཞིབ་བཤེར་ཚོགས་པའི་ལས་དོན་མི་སྣས“རང་ཉིད་སྲུང་སྐྱོབ”བརྗོད་གཞི་གཙོ་བོར་བཟུང་སྟེ། རྒྱལ་ཐང་སློབ་ཆུང་གི་སློབ་མ་ཚོ་དང་ཁྱིམ་བདག་འཐུས་ཚབ་པ་དང་མཉམ་དུ་གསོན་ཉམས་ལྡན་པའི་ཁྲིམས་སྐྱོང་སློབ་གསོ་སྐོར་གྱི་བརྗོད་བྱ་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་ཞིག་འཚོགས་ཏེ། སློབ་ཆུང་སློབ་མའི་དོན་དག་ལ་བརྡར་ཤ་གཅོད་པའི་ནུས་བ་ཅུང་ཞན་པ་དང་། མི་ཆ་མེད་ལ་ཡིད་ཆེས་བྱེད་སླ་བའི་སེམས་ཁམས་ཁྱད་ཆོས་དམིགས་ནས། ལས་དོན་མི་སྣས་བརྗོད་བདེ་ཞིང་གོ་སླ་བའི་སྐད་ཆ་དང་། གཟུགས་བརྙན་འགུལ་རིས། བརྙན་དང་རི་མོ། སྣང་ཚུལ་མཉམ་འགུལ། ཕན་ཚུན་འདྲི་རེས། ཁྱིམ་བདག་མཉམ་ཞུགས་སོགས་ཀྱི་རྣམ་པའི་ངང་སློབ་ཆུང་སློབ་མ་ཚོས་རང་གི་གསང་བ་ཅི་ལྟར་སྲུང་བ་དང་། མི་ཆ་མེད་ཀྱི་ཁ་བརྡ་ཅི་ལྟར་འགོག་པ། མགོ་སྐོར་དང་བསླུ་འཚོང་སོགས་ཉེན་ཁ་ཆེ་བའི་དོན་རྐྱེན་དང་འཕྲད་ན་ཅི་ལྟར་ཐག་གཅོད་དགོས་པ་སོགས་སློབ་མ་རྣམས་ལ་བསྟན།

རྒྱལ་ཐང་སློབ་ཆུང་གིས་སྐལ་བཟང་མེ་ཏོག་ལོ་ན་མ་སོན་པའི་གཞོན་ནུའི་ནག་ཉེས་ཞིབ་བཤེར་ཚོགས་པའི་ལས་དོན་མི་སྣ་ཚོ་དང་མཉམ་དུ་རྒྱུན་མཐུད་ངང་ལོ་ཚད་མི་འདྲ་བའི་སློབ་མ་ལ་བརྗོད་བྱ་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་འདི་འདྲ་འཚོགས་ཏེ། ཁྲིམས་ལུགས་ཤེས་བྱ་དུས་དང་རྣམ་པ་ཀུན་ཏུ་བྱིས་པ་ཚོ་དང་མཉམ་དུ་གནས་ནས་དགའ་སྤྲོ་ངང་འཚར་ལོངས་བྱུང་བར་ཧུར་ཐག་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།