ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་བརྒྱད་པས་ཡུན་ནན་ལ་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུར་ཉན་པ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱིད་བའི་འཕྲིན།  ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུལ་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བརྒྱད་པས་ཉེ་སྔོན་ཡུན་ནན་ཞིང་ཆེན་དུ་བཅའ་སྡོད་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་སྤེལ་འགོ་ཚུགས།  ཟླ་4པའི་ཚེས་6ཉིན།  ལྟ་ཞིབ་བཅའ་སྡོད་སྐུལ་སློང་ཚོགས་འདུ་ཁུན་མིང་དུ་འཚོགས་པ་དང་།  ལྟ་ཞིབ་ཚོགས་ཆུང་གི་ཙའུ་ཀྲང་ཅའོ་ཧོན་ཁྲེང་དང་ཙུའུ་ཀྲང་གཞོན་པ་ཀྲའེ་ཆིང་གཉིས་ཀྱིས་ལྟ་ཞིབ་ལས་ཀ་ཡག་པོ་སྒྲུབ་པའི་སྐོར་སོ་སོས་གསུང་བཤད་གནང་།  ཞིང་ཨུའི་ཧྲུའུ་ཅི་རོན་ཁྲེང་ཧྥ་ཡིས་བཅའ་སྡོད་སྐུལ་སློང་བྱས་པ་རེད།

 ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཆི་ཅན་ཞིན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  འཇོལ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཝའེ་ཏུང་སོགས་འགོ་ཁྲིད་རང་ཁུལ་གྱི་ཡན་ལག་ཚོགས་རར་ཞུགས།

ཅའོ་ཧོན་ཁྲེང་གིས་ནན་བཤད་གནང་དོན།  ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ནི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དོན་འཁྱོལ་ལག་བསྟར་བྱས་པ་དང་སྤུས་ཚད་མཐོན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཁག་འདིའི་ལྟ་ཞིབ་ནི་ལོ་ལྔ་ཚན་བཅུ་བཞི་པའི་དུས་འགོ་ཚུགས་པའི་ལོའི་ལྟ་ཞིབ་ཁག་དང་པོ་ཡིན་ལ།  གཙོ་གནད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་དག་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་སྒྲུབ་ཚུལ་དང་།  ཡུན་ནན་ཞིང་ཆེན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ། ལྟ་ཞིབ་ཁག་དང་པོ་དང་དེ་བཞིན་ཕྱིར་མིག་ལྟ་བའི་གནད་དོན་དག་ཐེར་དང་ལེགས་བཅོས་དོན་འཁྱོལ་བྱས་ཚུལ།  མི་དམངས་མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཚུལ་སོགས་ལ་དོ་ཁུར་བྱ་རྒྱུ།

རོན་ཁྲེང་ཧྥ་ཡིས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་།    ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བརྒྱད་པ་དང་གཞོགས་འདེགས་བྱས་ནས་ལས་ཀ་ཁག་ཡག་པོ་སྒྲུབ་དགོས།  གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དེ་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གོ་སྐབས་སུ་འཛིན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲལ་འགོའི་དམག་གཏོད་རྒྱུར་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་སྟོན།
 ཚོཊ་འདུའི་ཐོག   ཀྲའེ་ཆིང་གིས་ལྟ་ཞིབ་ལ་གཞོགས་འདེགས་ཡག་པོ་བྱེད་པ་དང་།  ལྟ་ཞིབ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པ།  ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་དང་ཁྲིམས་ལྟར་ལྟ་ཞིབ་བྱེད་པ་སོགས་ཀྱི་ལས་ཀའི་སྐོར་བླང་བྱ་བཏོན་པ་མ་ཟད།  ལྟ་ཞིབ་ཚོགས་ཆུང་གི་ཁོངས་མི་ཡོངས་ཀྱིས་ནན་ཏན་ངང་《ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་སྒྲིག་ལམ་དང་གཏན་འབེབས་》ལག་བསྟར་བྱེད་པ་དང་ལྟ་ཞིབ་བྱ་ཡུལ་གྱི་ས་གནས་དང་སྤྱི་ཚོགས་ཀྱིས་ལྟ་སྐུལ་དང་ལེན་བྱེད་པའི་སྐོར་རྣམ་འགྱུར་བསྟན་པ་རེད།
 བཀོད་སྒྲིག་ལ་གཞིཊ་ན།  ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བརྒྱད་པའི་ལྟ་ཞིབ་བཅའ་སྡོད་བྱེད་རིང་(2021ལོའི་ཟླ་4པའི་ཚེས་6ཉིན་ནས་ཟླ་5པའི་ཚེས་6ཉིན་གྱི་བར་)ཆེད་དམིགས་ལས་རེས་ཁ་པར་0871—68599800 དང་ཆེད་དམིགས་སྦྲག་སྲིད་ཡིག་སྒམ་སྟེ་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཨང་རྟགས་A005ཡི་སྦྲག་སྲིད་ཡིག་སྒམ་བཀོད་སྒྲིག་བྱེད་ཡོད། ལྟ་ཞིབ་ཚོགས་ཆུང་གིས་ཐེར་འདོན་ཁ་པར་དང་ལེན་བྱེད་པའི་དུས་ཚོད་ནི་ཉིན་ལྟར་གྱི་8:00—20:00བར་ཡིན།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།