ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བདེ་ཆེན་ཁུལ་གྱིས་ཁྲལ་འཕྲི་ཡོན་གཅོག་བྱེད་ཚད་སྒོར་དུང་ཕྱུར18.51ལ་སླེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བདེ་ཆེན་ཁུལ་གྱིས“རྒྱལ་ཁབ་ཀྱི་ཆེད་རྒྱུ་ནོར་བསྡུ་བ་དང་དམངས་ཀྱི་ཆེད་དཔྱ་ཁྲལ་བསྡུ་བའི”ཐོག་མའི་ཕུགས་འདུན་དང་འགན་འཁྲི་ཧུར་ཐག་གིས་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱིས་བཏོན་པའི་ཁྲལ་བསྡུའི་སྲིད་ཇུས་གསར་པ་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱས། ལོ་ལྔའི་རིང་བདེ་ཆེན་ཁུལ་གྱིས་ཁྲལ་འཕྲི་ཡོན་གཅོག་བྱས་པ་བསྡོམས་རྩིས་བྱས་པ་ལྟར་ན་སྒོར་དུང་ཕྱུར18.51ལས་བརྒལ་ཡོད་པ་རེད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་། བདེ་ཆེན་ཁུལ་གྱིས་ཁྲལ་དོན་ལ་དམིགས་ཏེ་སྲིད་ཇུས་ཀྱི་ཕན་པ་ཐོབ་པ་བྱས་ཤིང་། ཁུལ་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་མགོ་མཇུག་བར་གསུམ་དུ་ཁྲལ་འཕྲི་ཡོན་གཅོག“བཟོ་སྐྲུན་དོན་འཁྱོལ་ཨང་དང་པོ། ལྟ་སྐུལ་དོན་ཚན་ཨང་དང་པོ། དཔྱད་ཞིབ་ལས་འགན་ཨང་དང་པོ”བཅས་ལ་བརྩིས་ཡོད། ལག་རྩལ་མཐོ་ལ་གསར་བའི་ཁེ་ལས་དང་ནུབ་རྒྱུད་གསར་སྤེལ་ཆེན་པོའི་ཁྲལ་བསྡུ་གཟིགས་སྐྱོང་སོགས་ཀྱི“སྲིད་ཇུས་རྙིང་པ”མུ་མཐུད་ལག་བསྟར་བྱས་པ་མ་ཟད། ཐང་འཕར་དཔྱ་ཁྲལ་ཚད་གཅོག་དང་། དཔྱ་ཁྲལ་ཕྱིར་སློག་པ། དུས་རིམ་རང་བཞིན་གྱིས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཕྱིར་འགྱངས་སོགས་ཀྱི“སྲིད་ཇུས་གསར་པ”ཡང་ཆད་ལུས་མེད་པར་དོན་འཁྱོལ་བྱས། གཞི་ཁྱོན་སྔར་ལས་ཆེ་བའི་ཁྲལ་འཕྲི་ཡོན་གཅོག་སྲིད་ཇུས་ལ་སྐུལ་འདེད་བཏང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་ཐད་ནས་མྱུར་དུ་ལོངས་སྤྱོད་དང་དོན་འཁྱོལ་མཐར་ཕྱིན་བྱེད་པར་རྒྱབ་སྐྱོར་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་ནུས་པ་ལྡན་པའི་སྐུལ་འདེད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།