ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོན་པོས་ཇེ་ལེགས་སུ་ཕྱིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཡང་དག་པའི་བྱ་བའི་ཁ་ཕྱོགས་འཚོལ་བ་དང་། བྱ་བའི་བྱེད་ཐབས་གསར་གཏོད། སྔ་མོ་ནས་ཇུས་འགོད། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལ་ནན་ནཏ་གྱིས་སྐུལ་འདེད། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་ཕན་འབྲས་བཟང་པོ་ཐོན་ནས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་པ་མ་ཟད། ཞིང་སྡེའི་རྣམ་པ་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། ན་ནིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་གསང་སྤྱོད་ཁང་གསར་བརྗེའི་ཚད་ལྡན་གྱི་བླང་བྱ་ཁག་གསུམ་ལ་གཞིགས་ནས། གཅིག་ནི་ཞིང་སྡེའི་“གསང་སྤྱོད་ཁང་གསར་བརྗེའི”འཛུགས་སྐྲུན་ལས་གཞིའིི་རྣམ་གྲངས་རིགས་དབྱེ་དང་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ནས། 2020ལོར་སྲིད་འཛིན་སྡེ་བར་གསང་སྤྱོད་ཁང་འཛུགས་སྐྲུན་གྱི་ཚད་གཞི་ལོན་པར་བྱས་པར་སྒོར་ཁྲི4696.52བཏང་ཞིང་། སྲིད་འཛིན་སྡེ་བར་གསང་སྤྱོད་ཁང287འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། དུད་ཚང་ཚང་མར་གསང་སྤྱོད་ཁང9833འཛུགས་སྐྲུན་བྱས། དུས་མཚུངས“གྲོང་ཁྱེར་རིམ་པས་ལྟ་སྐུལ་དང་ཤང་དང་གྲོང་རྡལ་གྱིས་དོན་འཁྱོལ། སྡེ་བའི་ཚན་ཆུང་གིས་འགན་འཁུར་བ”བཅས་ཀྱི་དོ་དམ་སྲུང་སྐྱོང་བྱེད་སྟངས་ཧུར་ཐག་གིས་ཁྱབ་གདལ་བཏང་། གཉིས་ནི“དྭངས་གཙང་སྡེ་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ལེན་པའི”བརྗོད་དོན་གཙོ་བོ་དང་། ཞིང་སྡེའི་ཁོར་ཡུག“བཙོག་ཟིང་ཞན་གསུམ”གྱི་གནད་དོན་ཐག་གཅོད་གང་ཐུབ་བྱས། དབུལ་ཐར་འགག་སྒྲོལ་གྱི་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་དང་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་ཟུང་འབྲེལ་དང་། གད་སྙིགས་བསྡུ་རུབ་དང་སྡེ་བ་ནས་ཤང་གྲོང་དུ་སྐྱེལ་འདྲེན་བྱས་ཏེ་གཙང་སེལ་བྱེད་པ་བཅས་ཀྱི་བྱ་ཐབས་སྤྱད་ནས། སྡེ་བར་གཙང་སྦྲ་བྱེད་པའི་འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ། ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་ནི་སྡེ་སྲོལ་དམངས་ཆིངས་ནང་བཅུག་པས། འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པས་ཇེ་ལེགས་སུ་ཕྱིན། གསུམ་ནི《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་སྡེའི་འཚོ་བའི་བཙོག་ཆུ་ལེགས་བཅོས་བྱེད་པའི་ཆེད་དོན་འཆར་འགོད(2020ལོ་ནས2035ལོའི་བར)》ལྟར། སྒྲིག་གཞི་ཚང་བའི་སྡེ་བ38ཀྱི་འཚོ་བའི་བཙོག་ཆུ་གཙང་བཅོས་བྱེད་ཚད60%ལ་སླེབས་པ་དང་། འཐུང་ཆུའི་འཕྲོད་བསྟེན་གྱི་ཚད་གཞི་90%ཡན་ལ་སླེབས་པར་བྱས་པ་མ་ཟད། རང་བྱུང་སྡེ་བ396གི་བཙོག་ཆུ་གཙང་སེལ་བྱེད་པ་ལེགས་གྲུབ་བྱུང་ནས། ཞིང་སྡེའི་བཙོག་ཆུ་ལེགས་བཅོས་བྱེད་ཚད58.49%ལ་སླེབས་ཡོད། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།