ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་གནས་འཁེལ་ལྔ་གཙོ་གནད་དུ་བཟུང་བའི་ལས་དོན་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་བདེ་ཆེན་ཁུལ་གྱིས་གནས་འཁེལ་ལྔ་དམ་འཛིན་བྱས་ཏེ། བྱ་བའི་དོན་ཚན་ཁག་ལེགས་པར་བསྒྲུབས། 

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། བདེ་ཆེན་རྫོང་གིས་ཡུན་ནན་ནས་ཨེ་ཤ་ཡ་ལྷོ་མར་བསྐྱོད་པའི་སྒོ་མོ་གལ་ཆེན་དང་། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་བརྟན་བརླིང་ཡོང་བའི་དཔེ་སྟོན་ཁུལ། འཛམ་གླིང་གི་གངས་རིའི་ཡུལ་སྐོར་གནས་མཆོག་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་ལྗང་མདོག་འཕེལ་རྒྱས་དཔེ་སྟོན་ཁུལ། དུས་རབས་གསར་པའི་བོད་འབྲེལ་རྫོང་ཡུན་རིང་བདེ་འགོད་ཡོང་བའི་གྲལ་མགོའི་དམག་མི་བཅས་གནས་འཁེལ་དུ་བྱས་ཏེ། རྫོང་མཁར་གྱི་ས་གཤིས་གནོད་འཚེ་འགོག་བཅོས་དང་གནས་སྤོར་ཟུར་བྱོལ་བྱེད་པ་སྒུལ་ཤུགས་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། རང་ཉིད་ཀྱི་ལས་ཀ་ལེགས་པར་བསྒྲུབ་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་དང་མི་རིགས་ཀྱི་ཁྱད་ཆོས་ལ་བརྩི་འཇོག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཏང་ནས་དམངས་སེམས་གཅིག་སྒྲིལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་གོང་སྤེལ། རྫོང་མཁར་གྱི་ས་གཤིས་གནོད་འཚེ་འགོག་བཅོས་དང་རྫོང་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་བཅས་བར་གྱི་འབྲེལ་བ་ལྔ་སྲ་བརྟན་དུ་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པ་དང་། རིག་གནས་ཡུལ་སྐོར་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་དང་ལྗང་མདོག་ནུས་ཁུངས་ཀྱིས་གཙོ་ཁྲིད་བྱེད་པའི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་དང་། གྲོང་གསེབ་དར་རྒྱས་སུ་བཏང་ནས་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་བྱེད་ཐབས་གཉིས་ལ་སྐུལ་འདེད་གཏོང་བ། བོད་འབྲེལ་ས་ཁུལ་དང་རྫོང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། འབྲི་ཆུའི་སྟོད་རྒྱུད་དང་མཚོ་བོད་མཐོ་སྒང་ཤར་ལྷོའི་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་མ་ལག་གི་གནས་སྟངས་གསར་པ་དང་རྒྱལ་ནང་གི་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་མ་ལག་ཁྱོན་ཡོངས་ནས་འདྲེས་པར་བྱེད་པ་བཅས་བྱས་ནས། ཧུར་ཐག་སྒོས་མཐུན་སྒྲིལ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་བདེ་འཇགས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་བ་འཛུགས་སྐྲུན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།