ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཉེ་དུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས12ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བཅོས་སྒྲིག་ཚོགས་འདུ་བསྡུས་ནས། ཞིང་ཆེན་དང་ཁུལ་གྱིས་ཉེ་ཆར་བཀྲམ་པའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་དང་ཁྱབ་བསྒྲགས་བྱས་པ་མ་ཟད། རིམས་ནད་ཚོད་འཛིན་སྔོན་འགོག་བྱ་བ་བཀོད་སྒྲིག་བྱས། ཁུལ་ཏང་ཨུའི་ཧྲུའུ་ཅི་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡུས་ཧྲིན་ཞང་གིས་ཚོགས་འདུ་ལ་འགོ་འཛིན་གནང་བ་དང་འབྲེལ་ཡོད་གཏམ་བཤད་སྤེལ། 

ཚོགས་འདུའི་སྟེང་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་བྱ་བར་གནས་པའི་འགན་འཁྲི་ལས་བགོས་གསལ་བོ་མིན་པ་དང་། ལས་དོན་དོན་འཁྱོལ་གནད་དུ་འཁེལ་མེད་པ། རིམ་པ་སོ་སོའི་སྡེ་ཁག་སོ་སོར་ཚད་གཞི་མི་འདྲ་བའི་ལྷོད་ཡང་གི་བསམ་བློའི་འདུ་ཤེས་གནས་པ། མིག་སྔའི་རིམས་ནད་གནས་བབ་དང་གོང་རིམ་གྱི་བླང་བྱར་མི་མཐུན་པ་སོགས་ཀྱི་གནད་དོན་མང་དུ་ལྷག་ཡོད་པར་བསྟན། 

ཚོགས་འདུའི་སྟེང་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྲིད་ཇུས་ཀྱི་བླང་བྱ་གསར་ཤོས་ཁྱོན་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་དང་ཚད་གཞི་ཁ་གསལ་བཟོས་ཏེ་མིག་སྔའི་ལས་དོན་ནན་ཏན་ངང་སྤེལ་དགོས་པ་དང་། འགན་འཁྲི་སྔར་བས་ཁ་གསལ་ཡོང་བར་བྱེད་པ། གྲོང་ཁྱེར་འགོ་ཁྲིད་ཚན་ཆུང་གིས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་“ཕྱོགས་བཞིའི་འགན་འཁྲི་”ལ་དམ་པོར་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དབྱེ་ཞིབ་བརྡར་གཅོད་དང་བཀོད་འདོམས་ལེགས་སྒྲིག་བཅས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གཞུང་ལས་ཁང་གིས་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དོན་འཁྱོལ་བྱས་ཚུལ་ཁོང་དུ་ཆུད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། མི་འབོར་འཁོར་རྒྱུག་ལ་དོ་དམ་ཚོད་འཛིན་དང་གྲལ་བཤེར་བྱེད་པའི་ལས་དོན་གཙོ་བོར་བཟུང་ནས་ཤུགས་སྣོན་རྒྱག་དགོས། དུས་མཚུངས་སུ་ཞིབ་དཔྱད་ཚད་ལེན་དང་། ཨང་བཤེར། དུག་སེལ་བྱེད་པ་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབ་པ་དང་། དུས་ལྟར་ལས་དོན་སྔོན་ཇུས་ལ་བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་གཏོང་དགོས། རིམས་ནད་ཕོག་པའི་ནད་རྟགས་བྱུང་ཚེ་དུས་ཐོག་ཏུ་སྔོན་ཇུས་ལྟར་འཕྲལ་བསྟུན་གོ་རིམ་ལག་བསྟར་བྱེད་ཐུབ་པར་འགན་ལེན་དང་། སྦྱོང་བརྡར་ལ་ཤུགས་སྣོན། ལྷུ་ཚིགས་ཁག་གི་གོ་རིམ་ཁོང་དུ་ཆུད་པ་དང་དངོས་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་གསོག་འཇོག་ལས་དོན་གཅིག་གྱུར་གྱིས་འཆར་འགོད་བཟང་པོ་བྱེད་དགོས། ཤང་དང་གྲོང་རྡལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་བསྣན་ནས། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་རིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་། བྱ་བར་མཐུན་སྦྱོར་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལག་བསྟར་ནུས་ལྡན་དང་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།