ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་སྤྱི་བདེ་ཅུའུ་ཡིས་“ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་”ཐོག་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས10ཉིན་བདེ་ཆེན་ཁུལ་སྤྱི་བདེ་ཅུའུ་ཡིས་བྱེད་སྒོ་རབ་དང་རིམ་པ་རྩ་འཛུགས་བྱས་ནས། “ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་”ཐོག་མར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས། ཁུལ་གཙོ་གཞོན་པ་དང་ཁུལ་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་ཅུའུ་ཀྲང་ཝུའུ་ཞུའེ་ཀྲུའུ་ཡིས་ཤིས་ཚིག་ཕུལ།

དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་བརྗིད་ཉམས་ལྡན་པའི་དར་ཆ་སྒྲེང་བའི་ཁྲོད་འགོ་བརྩམས་ནས། མཐོ་སྒང་གི་ཞོགས་པའི་ཉི་འོད་བསུས་ཏེ་སྐར་ལྔའི་དར་དམར་དལ་བུར་མཁའ་རུ་བསྒྲེངས། དར་ཆ་སྒྲེང་བའི་མཛད་སྒོ་སྤེལ་བའི་རྗེས། ཀྲུང་གོའི་མི་དམངས་ཉེན་རྟོག་པའི་གླུ་དབྱངས་དང་འགྲོགས་ནས་དར་སྲུང་རུ་མིས་ངར་ཤུགས་ལྡན་པའི་གོམ་སྟབས་མདུན་ཕྱོགས་སུ་སྤོས་བ་དང་། དམངས་དམག་ཉེན་རྟོག་པ་ཡོངས་གྲལ་བསྒྲིགས་ནས་ཉེན་རྟོག་པར་གུས་འདུད་ཞུས་པ་རེད། ལྷབ་ལྷུབ་ཏུ་གཡོ་བའི་དར་ཆའི་འོག་ཏུ་ཝུའུ་ཞུའེ་ཀྲུའུ་ཡིས་དམ་བཅའ་འཇོག་པའི་སྣེ་ཁྲིད་པ་དང་། དམངས་དམག་ཉེན་རྟོག་པ་ཡོངས་ཀྱིས་ལག་པ་གཡས་པའི་ཁུ་ཚུར་མཐོན་པོར་བསྒྲེངས་ཤིང་། སྐད་གསང་མཐོན་པོས་མགྲིན་གཅིག་ཏུ་དམ་བཅའ་འཇོག་པའི་སྐད་གདངས་གང་སར་ཁྱབ་པར་བྱས

ཝུའུ་ཞུའེ་ཀྲུའུ་ཡིས་ཁུལ་ཅུའུ་དང་ཏང་ཨུ་ཡི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་དམངས་དམག་ཉེན་རྟོག་པ་ལ་དུས་ཆེན་གྱི་འཚམས་འདྲི་ཞུས། ཁོང་གིས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་བཙུགས་པ་འདིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་མི་དམངས་མང་ཚོགས་ཀྱིས་མི་དམངས་ཉེན་རྟོག་པར་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་དང་བཀའ་གདམ་ལྟར་རྒྱ་ཆེའི་མི་དམངས་ཉེན་རྟོག་པའི་ལས་རིགས་ཀྱི་གཟི་བརྗིད་ལྡན་པའི་བསམ་བློ་དང་། སྤོབས་བསམ་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཉེན་རྟོག་པ་ཡོངས་ཀྱིས་འགན་འཁྲི་འཁུར་བའི་སྙིང་སྟོབས་ཆེ་རུ་བསྐྱེད་ནས། ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་ལས་འགན་ཡག་པོ་སྒྲུབ་པར་སྐུལ་མ་གཏོང་ཆེད་ཡིན། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་གཞོགས་འདེགས་ཞབས་ཞུ་མི་སྣས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེ་ལས་དོན་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། མི་དམངས་ཉེན་རྟོག་པའི་ཉེན་བརྡ་དང་དར་ཆ་གནང་བའི་མཛད་སྒོའི་སྟེང་གི་བསླབ་བྱ་གལ་ཆེན་གྱི་སྙིང་སྟོབས་དག་དོན་འཁྱོལ་བྱས་ཏེ། ཏང་གིས་སྤྱི་བདེའི་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་བསྐྱོང་དགོས་ལ། “འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི་”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པ་བཅས་ལ་ཤུགས་སྣོན་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་དང་བསམ་བློ་བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བ་བྱེད་དགོས། ཉེན་རྟོག་པའི་དམ་ཚིག་ལ་སློབ་སྦྱོང་བྱས་རྗེས་ཉེན་རྟོག་པ་ཡོངས་ཀྱིས་ཆེད་དོན་སློབ་གསོའི་གློག་བརྙན《གཟི་བརྗིད་ཀྱི་དུས་སྐབས》ལ་བལྟས།

བདེ་ཆེན་ཁུལ་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཁུལ་སྤྱི་བདེ་ཅུའུ་ཡི་ལས་ཁུངས། འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག ནགས་ཚལ་ཉེན་རྟོག་ཉིང་ལག་རུ་ཁག་བཅས་ཀྱི་དམངས་དམག་ཉེན་རྟོག་པ་ཡོངས་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།