ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ཤུགས་སྣོན་བརྒྱབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་ཁ་སླེབས་དུས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནག་ཕགས་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དེ་དུས་བྱའི་ཞིང་ཁམས་སུ་གྱུར་ཞིང་། གནས་དེ་རུ་ཁྲུང་ཁྲུང་སྐེ་ནག་དང་། ཆུ་བྱ། ཁྲུང་ཁྲུང་མགོ་ཁྲ། མཇུག་དཀར་མཚོ་གླག་སོགས་ཀྱི་འདབ་ཆགས་རིགས་དར་ཆགས་པའི་མཚོ་ངོས་སུ་ངལ་གསོ་ཞིང་། ཡང་ན་རྩྭ་ཐང་དུ་ཟས་འཚོལ་བཞིན་ཡོད།

བདེ་ཆེན་ཁུལ་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་ངོ་སྤྲོད་ལྟར་ན། ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཐད་ཤུགས་སྣོན་བརྒྱབ་ནས།  འདམ་ར་སྲུང་སྐྱོང་དང་ཉམས་གསོ། འདམ་རའི་སྐྱེ་དངོས་ཁེ་ཕན་སྐྱིན་གསབ་ཚོད་ལྟ་བྱེད་ས་འཛུགས་པ། འདམ་རའི་སྐྱེ་དངོས་སྲུང་སྐྱོང་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད། འདམ་རའི་སྐྱེ་དངོས་མ་ལག་འཁོར་རྒྱུག་བཟང་པོོ་བྱེད་པར་སྐུལ་འདེད་བཏང་བ་རེད། 

2019ལོའི་ལོ་མཇུག་ཏུ་སླེབས་པའི་ཚུན། བདེ་ཆེན་ཁུལ་གྱི་འདམ་རའི་ཐོན་ཁུངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིངས37381.9དང་། འདམ་རའི་སྲུང་སྐྱོང་ཚད50.51% ། རང་བྱུང་འདམ་རའི་སྲུང་སྐྱོང་ཚད54.47%བཅས་ཟིན་ཡོད།

དུས་མཚུངས་སུ། བདེ་ཆེན་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་ནས་ཞིང་ཆེན་རིམ་པའི་ལྟ་ཞིབ་ཚད་ལེན་ས་ཚིགས2བཙུགས་པས། ལྟ་ཞིབ་ཚད་ལེན་དང་རིམས་འགོག་ནུས་བ་སྔར་ལས་མཐོ་རུ་ཕྱིན་པ་དང་། སྐམ་ས་དང་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་ད་སྔ་བྱུང་མ་མྱོང་བ་རེད། ཡང་འཛམ་གླིང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དོ་དམ་བྱ་གཞག་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་མ་ལག་བཙུགས་ཏེ90%ཡི་དཔེ་མཚོན་སྐྱེ་དངོས་མ་ལག་དང85%ཡི་སྐྱེ་དངོས་རིགས་གཙོ་བོ་ལ་ནུས་ལྡན་གྱིས་སྲུང་སྐྱོང་ཐུབ་པར་གྱུར། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།