ཀྲུང་གོ་བོད་ཀྱི་དྲ་བ།

དགུན་དུས་ཀྱི་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་པ་མང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

108cde4b-83f9-4008-a782-b37004bbc0e2.jpg

282c99f7-3d27-4062-868b-d17d54aa9d39_batchwm.jpg

2.jpg

11.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དགུན་ཁ་སླེབས་རྗེས་ཀྱི་སེམས་ཀྱི་ཉི་ཟླའི་གནམ་གཤིས་གློ་བུར་དུ་ཇེ་འཁྱགས་སུ་སོང་ཡང་། མི་རྣམས་སེམས་ཀྱི་ཉི་ཟླ་རུ་ཡུལ་སྐོར་དུ་ཡོང་བའི་སྤྲོ་སེམས་ཆུང་དུ་སོང་མེད་དེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་སྲོང་བཙན་གླིང་མཛེས་ལྗོངས་ཁུལ་དུ་འཛོམས་ནས་སེམས་ཀྱི་ཉི་ཟླ་རུ་ཡུལ་སྐོར་བྱེད་ཞོར་བདེ་ཆེན་མཐོ་སྒང་གི་དགུན་དུས་ཉམས་སུ་མྱོང་པ་རེད།

 མཛེས་ལྗོངས་ཁུལ་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཛེས་ལྗོངས་ཁུལ་གྱིས་ཉིན་རེར་ཡུལ་སྐོར་བ་མི་ཐེངས2000ཙམ་སྣེ་ལེན་བྱེད་པ་དེ་ན་ནིང་གི་དུས་མཚུངས་ལས་མང་དུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་ནས་ནན་ཅིང་དང་། ཀོང་ཀྲོའུ། ཧྲེན་ཀྲེན་སོགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་དང་ཚོང་འགུགས་མ་འདྲེན་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ད་མ་ཟད། “ཕྱིར་བསྐྱོད་”འོས་སྦྱོར་དང“གདན་འདྲེན”དྲིལ་བསྒྲགས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་ཁུལ་ཡོངས་ཀྱི་ཡུལ་སྐོར་བར་སྣེ་ལེན་བྱེད་པའི་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་བསྟན། །


རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།