ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་རྣམ་གྲངས་གལ་ཆེན11དུས་གཅིག་ཏུ་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2020-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས28ཉིན།   བདེ་ཆེན་ཁུལ་གྱི་2020ལོའི་དུས་ཚིགས་བཞི་པའི་རྣམ་གྲངས་གལ་ཆེན་གཅིག་སྡུད་ལས་འགོ་འཛུགས་པའི་མཛད་སྒོ་དེ་བདེ་ཆེན་ཁུལ་སྤྱི་བདེ་ས་མཐོའི་བརྟན་ལྷིང་སྲུང་སྐྱོང་སྦྱོང་བརྡར་རྟེན་གཞིའི་ཨར་ལས་བྱ་ཡུལ་དུ་འཚོགས་པ་དང་ད་ཐེངས་གཅིག་སྡུད་ཐོག་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་11ལས་འགོ་ཚུགས་པ་ལ་མ་དངུལ་སྒོར་དུང་ཕྱུར་64.55བཏང་ཡོད།   

བདེ་ཆེན་ཁུལ་སྤྱི་བདེ་ས་མཐོའི་བརྟན་ལྷིང་སྲུང་སྐྱོང་སྦྱོང་བརྡར་རྟེན་གཞི་ནི་ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོའི་ཚོགས་ར་གཙོ་བོ་དེ་རེད།སྒྲིག་བཀོད་དེ་ནི་བདེ་ཆེན་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆེ་ཤོས་ཤིག་ཡིན་ཞིང་།  རྣམ་གྲངས་ཀྱི་ནུས་པའི་ངེས་གནས་ནི་ཞིང་ཆེན་ཡོངས་ཀྱི་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ཉེན་རྟོག་སྟོབས་ཤུགས་བསྡུ་རུབ་ལྟེ་གནས་དང་མི་དམངས་ཉེན་རྟོག་པའི་ས་མཐོའི་འཕྲོད་སྦྱོར་རང་བཞིན་གྱི་སྦྱོང་བརྡར་ལྟེ་གནས།ཁུལ་ནང་ཁུལ་གྱི་ཚོགས་འདུ་ཆེ་གྲས་ཀྱི་ཚོགས་དོན་སྣེ་ལེན་ཞབས་ཞུའི་ལྟེ་གནས། ཁུལ་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་བཅའ་སྡོད་སྦྱོང་བརྡར་ལྟེ་གནས་བཅས་ཡིན་པ་དང་།འཛུགས་སྐྲུན་གྱི་ནང་དོན་གཙོ་བོའི་གྲས་སུ་བཅའ་སྡོད་སྦྱོང་བརྡར་ཐོག་ཁང་དང་། ཕྱོགས་བསྡུས་གསོ་སྦྱོང་ཁང་།ཁང་པའི་ནང་གི་ཕྱོགས་བསྡུས་སྦྱོང་བརྡར་ཁང་། མེ་མདའ་འཕེན་ཁང་། དམིགས་བསལ་ཉེན་རྟོག་པའི་ཉལ་ཁང་།ཐོག་འཛེགས། ཉེན་རྟོག་པའི་ཐང་ཆེན་སོགས་ཚུད་ཡོད་པ་རེད། སྤྱིའི་འཆར་འགོད་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་19140ཟིན་ཡོད།    རྣམ་གྲངས་གྲུབ་རྗེས།    ཁུལ་ཡོངས་ཀྱི་སྤྱི་བདེ་དང་ལས་རོགས་ཉེན་རྟོག་པས་བརྟན་ལྷིང་སྲུང་སྐྱོང་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་གསོ་སྦྱོང་དང་རྒྱུན་གཏན་གྱི་ཉེན་རྟོག་ལས་དོན་གྱི་རྩལ་ནུས་སྦྱོང་བརྡར་ལ་རྨང་གཞིའི་སྒྲིག་བཀོད་ཡག་པོ་མཁོ་འདོན་ཐུབ་པ་མ་ཟད།མི་སྟོང་ལྷག་ཙམ་གྱི་ཉེན་རྟོག་པ་འདུ་འཛོམས་བྱ་ཡུལ་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།ད་དུང་མི་380ལྷག་ལ་དུས་མཉམ་དུ་གསོ་སྦྱོང་དང་། ཞག་སྡོད། ཟ་འཐུང་བཅས་འདོན་སྤྲོད་བྱེད་ཐུབ་པས་བདེ་ཆེན་སྤྱི་བདེའི་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།

ད་ཐེངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་རྣམ་གྲངས་ནང་བདེ་ཆེན་ཁུལ་གྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རིག་ལྡན་རླངས་འཁོར་འཇོག་ས་འཛུགས་སྐྲུན་རྣམ་གྲངས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བོད་ཤར་རྒྱུད་ཀྱི་ཟོག་འགྲེམས་འོ་མ་མཚོ་ཁ་ཕྱོགས་བསྡུས་ཐོན་ལས་གླིང་འཛུགས་སྐྲུན་རྣམ་གྲངས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བོད་ཤར་རྒྱུད་ཀྱི་ཟོག་འགྲེམས་ཁྲི་ཀུའུ་ཚོང་དོན་ལས་སྣོན་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས།ཡུན་ནན་བདེ་ཆེན་གྱི་དྲོད་རླངས་མཁོ་སྤྲོད་ལས་འབའ་ལུང་ས་ཁུལ་གྱི་རྣམ་གྲངས།   འབའ་ལུང་མཐའ་ཆུ་གྲོང་རྡལ་ལྗོངས་ཁུལ་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས།  འབའ་ལུང་རྫོང་གི་བོད་རྒྱ་སྨན་ཁང་གི་སྲོག་སྐྱོབ་སྨན་བཅོས་རིམ་སྤོར་རྒྱས་སྐྲུན་ལས་གྲྭ་བཅས་ཚུད་ཡོད་པ་རེད།   འཇོལ་རྫོང་སྨན་རི་པར་ལེན་གྲོང་རྡལ་ཆུང་བའི་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་སོགས་ཚུད་ཡོད་པ་དང་།  རྣམ་གྲངས་དེ་དག་གིས་མ་དངུལ་འཇོག་པར་སྐུལ་ཁྲིད་དང་སྔོན་ལ་རྨང་གཞི་ལག་བསྟར་བྱ་རྒྱུའི་ནུས་པ་མངོན་གསལ་དོད་པོ་བྱུང་ཡོད་པ་མ་ཟད།ཐོན་ལས་ཀྱི་འདེགས་སྐྱོར་དང་། བྱེད་སྟངས་བསྒྱུར་བ། འབྲེལ་རྒྱ་ཆེ་བ། ཤུགས་རྐྱེན་ཆེ་བ་དང་སྐུལ་ཁྲིད་རང་བཞིན་ཆེ་བའི་རྣམ་པ་ཡང་མངོན་ཡོད།  འདི་དག་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། འགན་ལེན་དྲུག་་གི་ལས་འགན་དོན་འཁྱོལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ཏེ་དུས་རབས་གསར་པ་དང་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་བྱ་ཐབས་གལ་ཆེན་ཞིག་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།