ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་རྒྱལ་སྟོན་གུང་གསེང་རིང་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི39.543ལ་སྣེ་ལེན་ཞུས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས8ཉིན་གྱི་སྔ་དྲོར། གསར་འགོད་པས་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།རྒྱལ་སྟོན་གུང་གསེང་རིང་རང་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི39.543ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས28.85%མར་ཆག་ཡོད། དེའི་ནང་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི187435ཟིན་ཡོད་པ་དང་། ཉིན་གཅིག་རིང་ཡུལ་སྐོར་བྱེད་མཁན་གྱི་ཡུལ་སྐོར་བ་མི་ཐེངས207983དང་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི26.91ཟིན་ཡོད།

ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་སྟག་མཆོང་གྲོག་རོང་། འབའ་ལྷ་དཀར་རྫོང་། དགའ་ལྡན་སུམ་རྩེན་གླིང་སོགས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས132741ལ་སྣེ་ལེན་ཞུས་ལ། ཡུལ་སྐོར་ཡོང་འབབ་སྒོར་ཁྲི26020.64བྱུང་བ་དེ་དུས་མཚུངས་ལས24.97%མར་ཆག་ཡོད་པ་རེད།

ད་ལོའི་གུང་གསེང་རིང་རང་ཁུལ་གྱི་ཡུལ་སྐོར་ཁྲོམ་རར་རིམས་ནད་ཀྱི་གནས་ཚུལ་དང་། ཡུལ་སྐོར་ཞུ་གཏུག་གལ་ཆེན། ཡུལ་སྐོར་བདེ་འཇགས་ལས་འཛོལ་ཚབས་ཆེན་བཅས་བྱུང་མེད་པས། སྤྱི་ཡོངས་ཀྱི་འཕེལ་ཕྱོགས་བཟང་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།