ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་“སྨན་རྫས་ཚན་རྩལ་བྱེད་སྒོའི་གཟའ་འཁོར”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁུལ་ཚན་རྩལ་ཅུའུ་དང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་ཚན་རྩལ་མཐུན་ཚོགས། ཁུལ་ཡོམ་འགོག་རྒུད་སྐྱོབ་ཅུའུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་དང་མཉམ་འབྲེལ་སྒོས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྟེ་གནས་སུ“ལྟ་སྐུལ་དོ་དམ་ཚན་རིག་དང་མཐུན་ཞིང་། གསར་གཏོད་ཀྱིས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར” “ཚན་རིག་དང་མཐུན་པའི་རིམས་ནད་སྔོན་འགོག་དང་།  གསར་གཏོད་ཀྱིས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར”ཅེས་པ་བརྗོད་དོན་བྱས་པའི2020ལོའི“སྨན་རྫས་ཚན་རྩལ་བྱེད་སྒོའི་གཟའ་འཁོར”་དྲིལ་བསྒྲགས་བྱེད་སྒོ་སྤེལ།

བྱེད་སྒོ་སྤེལ་བའི་རིང་། ལས་དོན་མི་སྣས་མང་ཚོགས་ལ་བདེ་འཇགས་དང་ལུགས་མཐུན་ངང་སྨན་སྤྱོད་པའི་དྲིལ་བསྒྲགས་ཡིག་ཆ་(གྲུམ་བུའི་ནད་དང་། ཏོག་དབྱིབས་སྙིང་ནད་ཀྱི་སྨན། གཅིན་པ་མངར་འགྱུར་གྱི་ནད། སྨན་མ་འཕྲོད་པ་སྔོན་འགོག་སོགས་ཕྱོགས་བཅུ་ཚུད་ཡོད)དང་། ཚན་རིག་དང་མཐུན་པའི་རིམས་འགོག་དྲིལ་བསྒྲགས་བརྡ་ཁྱབ། ཡོམ་འགོག་གེགས་སེལ་གྱི་ལག་དེབ། དུག་འགོག་ཤེས་བྱའི་དྲིལ་བསྒྲགས་འཛིན་ཡིག ཨེ་ཙེའི་ནད་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་ལག་དེབ་དང་། དེ་བཞིན་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ལག་རྟགས་ཆུང་ངུ་སོགས་བཀྲམ་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཁུལ་མི་དམངས་སྨན་ཁང་གི་སྨན་དོན་མི་སྣས་ད་དུང་རིན་མེད་འོས་འགན་སྨན་བཅོས་ཀྱི་བློ་འདྲི་དང་ལེན་བྱས།

ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོའི་སྟེང་། བདེ་འཇགས་དང་ལུགས་མཐུན་གྱི་སྨན་སྤྱོད་དྲིལ་བསྒྲགས་ཡིག་ཆ2000ལྷག་ཙམ་བཀྲམ་པ་དང་། ཚན་རིག་དང་མཐུན་པའི་རིམས་འགོག་དྲིལ་བསྒྲགས་བརྡ་ཁྱབ200ལྷག་ཙམ་སྦྱར་ལ།  དུག་འགོག་དང་ཨེ་ཙིའི་ནད་སྔོན་འགོག་གི་དྲིལ་བསྒྲགས་ཡིག་ཆ100ལྷག་ཙམ་དང་། དེ་བཞིན་དྲིལ་བསྒྲགས་མཚོན་རྟགས་བཀོད་པའི་ཁོར་ཡུག་སྲུང་སྐྱོང་ཁུག་མ200དང་། ཞྭ་མོ50 གད་སྙིགས་སྒམ50བཅས་སྤྲད་པ་དང་། འོས་འགན་སྨན་བཅོས་ཀྱི་བློ་འདྲི50ལྷག་ཙམ་དང་ལེན་བྱས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།