ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་སྒྲོག་འགྲེལ་ཚོགས་པར་གསོ་སྦྱོང་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་ལྟར་སྒྲོག་འགྲེལ་བཟང་པོ་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་འཆད་ཁྲིད་དང་སྒྲོག་འགྲེལ་ཚོགས་པའི་གསོ་སྦྱོང་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་སློབ་གྲྭའི(ཡུན་ནན་སྲིད་འཛིན་སློབ་གླིང)རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཀའོ་ཀྲུང་གིས་ཚོགས་ཞུགས་མི་སྣར་གསོན་ཉམས་ལྡན་པའི་སློབ་ཁྲིད་བྱས་པ་རེད།

གསོ་སྦྱོང་སྦྱོང་བརྡར་བྱེད་སྐབས། ཝང་ཀའོ་ཀྲུང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ལས་དོན་ཇི་ལྟར་ལེགས་པོར་སྒྲུབ་དགོས་པའི”བརྗོད་དོན་གཙོ་བོར་དམིགས་ཏེ། ཇི་ལྟར་བཤད་དགོས་པ་དང་ཇི་ལྟར་སྒྲོག་འགྲེལ་བྱེད་དགོས་པ་ནས་ཇི་ལྟར་བྱས་ཏེ་གཞི་རིམ་ལས་བྱེད་པའི་སྒྲོག་འགྲེལ་གྱི་ཆེད་དོན་སློབ་ཁྲིད་བྱེད་པ། སྒྲོག་འགྲེལ་གྱི་ཉམས་མྱོང་སློབ་ཁྲིད་དང་སྒྲོག་འགྲེལ་གྱི་ཐབས་རྩལ་ངོ་སྤྲོད་སོགས་ཁོང་གིས་སྤྲོ་སྣང་ལྡན་པའི་སྐད་ཆ་དང་དཔེ་མཚོན་རང་བཞིན་གྱི་དགོད་བྲོའི་དཔེ་དངོས་ཀྱིས་ཚོགས་ར་ཡོངས་ཀྱི་ཡིད་དབང་འཕྲོག་པས། སྐབས་རེར་ཚོགས་ར་ཡོངས་དགོད་སྒྲས་ཁེངས་ཤིང་། སྐབས་རེར་དགའ་བའི་ཐལ་མོ་རྡེབ་པ་རེད།

གསོ་སྦྱོང་ནང་ཞུགས་མཁན་ཚོས་དགེ་རྒན་ཝང་ལགས་ཀྱིས་སློབ་ཁྲིད་བྱས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་ལྟར་བྱས་ནས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བཟང་པོ་བྱ་རྒྱུའི་ཐད་ལ་གོ་བ་སྔར་ལས་གཏིང་ཟབ་བླངས་ཤིང་། ཕྱིན་ཆད། སྒྲོག་འགྲེལ་བྱེད་ཐབས་དང་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱ་རྒྱུ་ཡིན་ལ། ཏང་གི་རིག་པའི་གཞུང་ལུགས་གསལ་པོར་བཤད་པ་དང་། གསལ་པོར་ངེས་པ། མཐར་ཕྱིན་པར་བཤད་པ་བཅས་བྱས་ཏེ་སྒྲོག་འགྲེལ་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཟེར།

ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་སྒྲོག་འགྲེལ་འགན་འཁུར་མཁན་གྱི་འགོ་ཁྲིད་དང་། ཁུལ་ཏང་ཨུའི་སློབ་གྲྭའི་དགེ་རྒན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུའི་སློབ་གྲྭའི་དགེ་རྒན་བཅས་གསོ་སྦྱོང་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།