ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་རྩྭ་ཐང་གི་དུག་རྩྭ་བཅོས་སྒྲིག་ཐད་ཤུགས་སྣོན་བརྒྱབ་པ།​

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2bbb58b0-7934-4aac-9617-f2a3aaf22078.jpg

རྩྭ་སར་ལས་ཀ་བྱེད་བཞིན་པའི་གྲོང་མི་ཚོ།

9d334b74-854d-4399-af57-53a115dab24b.jpg

རྩྭ་སར་ལས་ཀ་བྱེད་བཞིན་པའི་གྲོང་མི་ཚོ།

042d4181-a3ae-4351-8e67-c8650daff9c4.jpg

རྩྭ་སར་ལས་ཀ་བྱེད་བཞིན་པའི་གྲོང་མི་ཚོ།

737ed0b7-8905-464d-833c-8fe8f36c0496.jpg

རྩྭ་སར་ལས་ཀ་བྱེད་བཞིན་པའི་གྲོང་མི་ཚོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་ཡུན་ནན་ཞིང་ཆེན་གྱི་ཕྱུགས་སྐྱུར་རྩྭ་གསོའི་ལས་གྲྭའི་རྣམ་གྲངས་ཡིན་པའི་བདེ་ཆེན་ཁུལ་གྱིས་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི34བཏབ་པ་དང་དུག་རྩྭ་མུའུ་ཁྲི31བཅོས་སྒྲིག་བྱས་ཤིང་། དེ་མིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ད་དུང་རྒྱལ་ཡོངས་ཀྱི་མཚོ་བོད་མཐོ་གྲང་རྩྭ་ཐང་ཁུལ་གྱི་སྐྱེ་ཁམས་སླར་གསོའི་ཚོད་ལྟའི་བཟོ་འགོད་ཀྱི་འགན་འཁུར་ཏེ་མིས་བཟོས་རྩྭ་ར་མུའུ་ཁྲི1དང་རང་བྱུང་རྩྭ་ར་མུའུ་ཁྲི4ལེགས་བཅོས་བྱས་པས། མིག་སྔར་ཁུལ་ཡོངས་ཀྱི་དུག་རྩྭ་བཅོས་སྒྲིག་རྣམ་གྲངས་མཇུག་སྒྲིལ་ལ་ཉེ་བ་རེད། རྣམ་གྲངས་དེ་ལག་བསྟར་བྱས་པས་རྩྭ་ཐང་གི་སྔོ་ཤུན་ཁྱབ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ། རྩྭ་ཐང་གི་སྐྱེ་ཁམས་མ་ལག་སླར་གསོ་དང་འཁོར་རྒྱུག་ལེགས་པོ་ཡོང་བར་སྐུལ་འདེད་བཏང་ཞིང་། རྩྭ་ཐང་གི་རང་བྱུང་སྙོམས་སྒྲིག་བྱེད་ནུས་ཆེ་རུ་བཏང་བ་བཅས་གྲུབ་འབྲས་ལེགས་པོ་ཐོབ་ཡོད། རྣམ་གྲངས་ལག་བསྟར་བྱེད་རིང་ལས་མི་བཀོལ་སྤྱོད་བྱེད་པར་རྣམ་གྲངས་ཀྱི་མཐའ་འཁོར་གྲོང་ཚོའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ལ་གཟིགས་སྐྱོང་མཛད་པས་མང་ཚོགས་དབུལ་པོའི་དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། དབུལ་སྐྱོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།