ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཐོག་མ་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཉེ་ཆར་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་གི་སྐྱེ་ཁམས་ཡུལ་སྐོར་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཐོག་མ་དེ་ཡུས་པེང་གྲོང་ཚོ་ཞོལ་མ་ནས་བཙུགས་པ་དང་། ས་ཚིགས་སུ་རྒྱུ་རྐྱེན6གི་རྒྱུན་གཏན་སྒྲིག་ཆས་དང་གསོ་རླུང་མེད་པའི་གྱེས་རྡུལ་སོགས་ཁྱད་ལྡན་ཆེད་ལས་སྒྲིག་ཆས་ཚུད་ཡོད་པ་མ་ཟད། ཡུལ་སྐོར་བའི་གཅིག་སྡུད་ས་ཁོངས་སུ་གློག་རྡུལ་བརྙན་ཤེལ་བཙུགས་ནས་དུས་ཐོག་ཏུ་དྲན་སྐུལ་བྱས་ཏེ་ཕྱོགས་ཀུན་དང་མི་གཤིས་ཅན་གྱི་སྒོ་ནས་རྒྱ་ཆེའི་ཡུལ་སྐོར་བ་བདེ་འཇགས་ངང་ཕྱིར་བསྐྱོད་རྒྱུར་གནམ་གཤིས་ཞབས་ཞུ་མཁོ་འདོན་བྱས་པ་རེད།

  ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་གནས་ཡུལ་དེ་བདེ་ཆེན་རྫོང་གནམ་གཤིས་ཅུའུ་དང་རིག་གནས་ཡུལ་སྐོར་ཅུའུ། ཡུན་ལིང་ཤང་སྲིད་གཞུང་། སྨན་རི་གངས་རི་རྒྱལ་ཁབ་སྤྱི་གླིང་ཚད་ཡོད་ཀུང་སི་སོགས་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་མཉམ་དུ་འདམས་པ་ཡིན་ལ། བདེ་ཆེན་ནི“གཙང་གསུམ་མཉམ་འབབ”ཀྱི་དབུས་སུ་གནས་པས་ཡུལ་སྐོར་ལས་རིགས་ནི་ཐོན་ལས་གཙོ་བོ་ཡིན་ཞིང་། ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་པ་དེས་རྒྱ་ཆེའི་ཡུལ་སྐོར་བར་དེ་བས་ཞིབ་ཚགས་ཅན་དང་མི་གཤིས་ཅན་གྱི་གནམ་གཤིས་ཞབས་ཞུ་མཁོ་འདོན་བྱས་ནས་གནམ་གཤིས་བྱ་གཞག་གིས་ས་གནས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་བ་འདོན་སྤེལ་བྱས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།