ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་དུ་ཤང་གྲོང་གི་གློག་འཕྲིན5Gསྦྲེལ་ཚུགས་དང་པོ་ཤར་གཏོང་བྱས།

ཡོང་ཁུངས། : བདེ་ཆེན་བོད་ཡིག་སྨྱན་བྱད།     སྤེལ་དུས། : 2020-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20200702164833.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས1ཉིན། ཀྲུང་གོའི་གློག་འཕྲིན་ཡུན་ནན་ཀུང་སིའི་ཤང་གྲོང་གི5G སྦྲེལ་ཚུགས་ཨང་དང་པོ་དེ་བདེ་ཆེན་ཁུལ་འཇོལ་རྫོང་ཡན་མན་ཤང་ཚོ་དྲུག་གྲོང་ཚོར་ཤར་གཏོང་བྱས་ཐུབ་པ་དང་།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཁུལ་གསུམ་ཆུས་གསུམ་གྱི་ཤིན་ཏུ་དབུལ་ཕོངས་ས་ཆའི་ཡ་གྱལ་ཞིག་ཡིན་ལ།  ཐེངས་འདིར་གློག་འཕྲིན5Gསྦྲེལ་ཚུགས་ཤར་གཏོང་ཐུབ་ན་ས་གནས་དེ་གའི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་རྒྱུར་གྲོང་གསེབ་དར་རྒྱས་ཀྱི་འཕྲིན་གཏོང་སྟེགས་བུ་བསྐྲུན་ཡོད།

微信图片_20200702164845.jpg

ཚོ་དྲུག་གྲོང་གི་གྲོང་མི་སྐལ་བཟང་ལྷ་མོས་ཉེ་བའི་ལོ་འགའི་རིང་གྲོང་ཚོའི་ནང་ཡངས་དྲ་དང4Gཤར་བཏང་བྱས་ནས་ཚང་མས་སྒུལ་བདེའི་དྲ་སྦྲེལ་གྱི་སྟབས་བདེ་ཚོར་ཐུབ་པ་དང་གྲོང་མི་ཚོས་དྲ་ཐོག་ནས་བརྙན་ལམ་ལྟ་བ་དང་།དངོས་ཟོག་ཉོ་བ། སློབ་སྦྱོང་བྱེད་པ། ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་འཚོང་བ་སོགས་བྱེད་ཀྱི་ཡོད།འཚོ་བ་ཧ་ཅང་མཛེས་སྡུག་ལྡན་པར་གྱུར་ཡོད། ད་ལྟར5Gཤར་གཏོང་ཐུབ་ན་དྲ་འཇུག་གི་མྱུར་ཚད་སྔར་ལས་མགྱོགས་པས་ཚང་མར་དེ་བས་བདེ་སྐྱིད་ལྡན་ཐུབ་པར་ཡིད་ཆེས་ཡོད་ཞེས་ཟེར།

微信图片_20200702164839.jpg

ཤེས་རྟོགས་བྱུང་དོན།  ཡུན་ནན་གློག་འཕྲིན་གྱིས1997ལོར་ཚོ་དྲུག་གྲོང་ཚོར་གོ་རིམ་ཚོད་འཛིན་གྱི་ཁ་པར་དང་པོ་སྒོ་ཕྱེ་པ་ནས་བཟུང་། སྒུལ་བདེ་ཁ་པར་དང3G། 4Gའཕྲིན་གཏོང་། འོད་ཀྱི་ཡངས་དྲ། IPTVཆ་འཕྲིན་ཅན་སོགས་འཕྲིན་གཏོང་ལག་རྩལ་རིམ་འཇུག་བརྗེ་རེས་བྱས་ཡོད།  མིག་སྔར། 5Gཡིས་སྔར་ལས་མགྱོགས་པའི་དྲ་རྒྱ་ཁྱེར་ཡོང་བ་མ་ཟད།  ད་དུང་རིག་ནུས་འགྲིམ་འགྲུལ་དང་བཟོ་ལས་རང་འགུལ་ཅན།རིག་ལྡན་ཁྱིམ་ཚང་། སྤྱི་ཚོགས་དོ་དམ་གྱི་ཕྱོགས་སོ་སོར་འགྱུར་ལྡོག་འབྱུང་སྲིད། ཡན་མན་ཤང་གིས5Gལག་རྩལ་དེ་སྐྱེ་ཁམས་ལྟ་སྐུལ་ཚོད་འཛིན་དང་རིག་ལྡན་ཡུལ་སྐོར།གནད་སྨིན་ཞིང་ལས་སོགས་ཀྱི་རྣམ་གྲངས་ལ་སྤྱོད་རྒྱུ་ཡིན་པ་དང་ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཡན་མན་ཤང་གི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།