ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར1.5བཏང་ནས་དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས2ཉིན། ནོར་སྲིད་པུའུ་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས2020ལོའི་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་སྦྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་གྲོང་ཁྱེར་གྱི་གྲུབ་འབྲས་མཉམ་འབྲེལ་གྱིས་ཁྱབ་བསྒྲགས་བྱས་པ་རེད། ཆེད་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད། དཀར་མཛེས་ཁུལ་ཚུད་པའི་གྲོང་ཁྱེར10སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་གྲོང་ཁྱེར་དུ་གཏན་འཁེལ་བྱས་པ་མ་ཟད་ཡོངས་བསྒྲགས་ཀྱང་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོལ་རྒྱུན་གྲོང་སྡེ་བསྒྱུར་བཀོད་ལེགས་པོ་དང་སྲུང་སྐྱོང་བཟང་པོ་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་འབྲེལ་ཡོད་བླང་བྱ་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཆེད། 2020ལོར་ནོར་སྲིད་པུའུ་ཡིས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་མཉམ་དུ་སྲོལ་རྒྱུན་གྱི་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱས་པ་རེད། དུས་འགོའི་ཡོངས་བསྒྲགས་སྙན་ཞུ་བྱས་པ་བརྒྱུད། ཟླ6པའི་ཚེས1ཉིན། པུའུ་གཉིས་ཀྱིས་ཆེད་མཁས་པ་རྩ་འཛུགས་བྱས་ནས་རེ་ཞུ་བྱས་པའི་གྲོང་ཁྱེར(ཁུལ་དང་རྫོང20)ལ་ཞིབ་དཔྱད་བྱས་པ་རེད། གྲོང་ཁྱེར་གྱི་འདེམས་པའི་བརྒྱུད་རིམ་གཞིར་བཟུང་སྲོལ་རྒྱུན་གྱི་གྲོང་ཚོ་གཅིག་སྡུད་དང་། ལས་ཀའི་ཇུས་གཞི་ཏན་ཏིག སྤྱི་ཚོགས་ཀྱི་མ་རྩའི་ཕན་འབྲས་མངོན་གསལ་དོད་པ་དང་དེ་བཞིན་ས་ཁུལ་དབུལ་པོ་གཙོ་བྱས་ཏེ། ཡུལ་དངོས་ཀྱི་ཞིབ་དཔྱད་མཇུག་འབྲས་ལྟར། མཇུག་མཐར་ཐོབ་སྐར་ཨང་དང་པོ་ནས་བཅུ་པའི་བར་གྱི་གྲོང་ཁྱེར2020ལོའི་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་གྲོང་ཁྱེར་དུ་གཏན་འཁེལ་བྱ་རྒྱུ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་དཔེ་སྟོན་ས་ཁུལ་ཚང་མར་གཏན་འཁེལ་བྱས་པའི་གྲངས་འབོར་སྒོར་དུང་ཕྱུར1.5ཡི་ཁ་གསབ་བྱ་རྒྱུ་ཡིན་པ་རེད། སྲོལ་རྒྱུན་གྱི་གྲོང་སྡེ་གཅིག་བསྡུས་ཡིན་པའི་ས་ཁུལ་དུ་གཅིག་བསྡུས་ཡུག་འབྲེལ་གྱིས་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ས་ཁོངས་ཀྱི་སྲོལ་རྒྱུན་གྲོང་སྡེའི་རྣམ་པ་ཕྱོགས་ཡོངས་ནས་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་བ། དུས་མཚུངས་སུ་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་བསྒྱུར་བཀོད་བྱེད་པའི་ཡུན་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་སྲོལ་རྒྱུན་གྱི་གྲོང་སྡེའི་གསོན་ཤུགས་ཆེ་རུ་བཏང་ནས་རྒྱུན་མཐུད་དང་བདེ་འཇགས་ངང་འཕེལ་རྒྱས་ཡོང་བ་བྱས་ཏེ། ས་ཁུལ་གཞན་དག་གི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་དཔེ་སྟོན་སྣེ་ཁྲིད་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་དགོས།

 དཔྱད་འདེམས་བྱུང་བའི་དཔེ་སྟོན་ས་ཁུལ་གྱིས་བླང་བྱ་ལྟར་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་ལས་དོན་གྱི་ལག་བསྟར་ཇུས་གཞི་བཟོ་བ་དང་། ལས་ཀའི་དམིགས་ཚད་དང་ཞིབ་ཕྲའི་ལས་འགན་ཁ་གསལ་བཟོ་བ། ལས་ཀའི་བྱེད་ཐབས་དང་། ཆ་འགྲིག་བྱེད་ཐབས། ལག་བསྟར་བྱེད་རིམ་བཅས་ཞིབ་ཕྲ་བཟོ་རྒྱུ་ཡིན་པ་མ་ཟད། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་དང་ས་གནས་ཀྱི་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་སྤྱོད་དགོས། གཙོ་བོ་སྲོལ་རྒྱུན་གྲོང་སྡེའི་སྲོལ་རྒྱུན་བཟོ་བཀོད་བསྒྱུར་བཀོད་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དམངས་ཁྲོད་མ་རྩར་མ་དངུལ་འཇོག་པ་དང་བསྒྱུར་བཀོད་བྱེད་པའི་སྲོལ་རྒྱུན་གྲོང་སྡེ་ལ་མ་དངུལ་འཇོག་གྲངས་ལྟར་བྱ་དགའ་སྤྲོད་པ་སོགས་ལ་སྤྱོད་རྒྱུ་ཡིན་པ་དང་། ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།