ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་སྒོས་རྣམ་གྲངས་སྐུལ་ཁྲིད་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། འགྲིམ་འགྲུལ་འཛུགས་སྐྲུན་གྱི་དམག་འཐབ་བཟང་པོ་རྒྱག་པ་དང་། ཕན་ནུས་ལྡན་པའི་མ་དངུལ་འཇོག་པ་མུ་མཐུད་དུ་རྒྱ་ཆེར་བཏང་ནས་དཔལ་འབྱོར་བརྟན་འཇགས་བྱ་བ་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་འདེགས་སྐྱོར་ཆེན་པོ་བྱས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་རྣམ་གྲངས་འཛུགས་སྐྲུན་ལ་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་བསྣན་ནས། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ཏེ་རང་འགུལ་ངང་ཞབས་ཞུ་ཡག་པོ་བྱེད་པ་དང་། གཙོ་གནད་རྣམ་གྲངས་ཀྱི་གནད་དོན་ཐག་གཅོད་དང་མཐུན་སྦྱོར་གྱི་རྒྱུན་གཏན་ཅན་གྱི་ལས་ཀའི་ལམ་སྲོལ་བཙུགས་ནས་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཁག་བགོས་ཀྱིས་འགན་འཁུར་གཙང་སྒྲུབ་ཀྱི་གཙོ་གནད་རྣམ་གྲངས་སྔར་བས་དོན་འཁྱོལ་བྱེད་པ་དང་གཙོ་གནད་ཁེ་ལས་ཀྱི་འགན་འཁྲིའི་ལམ་ལུགས་མཐུན་སྦྱོར་བྱེད་པ། རྣམ་གྲངས་འཕེལ་རིམ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་དུས་མཚམས་རང་བཞིན་གྱི་བླང་བྱ་གཞིར་བཟུང་། བྱ་བའི་བྱེད་ཐབས་སྔར་བས་ཞིབ་འཇུག་ཞིབ་ཕྲ་བྱས་ནས་རྣམ་གྲངས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་།

ངོ་སྤྲོད་བྱས་པ་ལྟར་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལིས་ཅང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དང་སེམས་ཀྱི་ཉི་ཟླ་ནས་ལིས་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་ཏེ་འཛུགས་སྐྲུན་བྱ་བ་སྔ་ཙམ་དུ་ལེགས་འགྲུབ་བྱས་ནས་མེ་འཁོར་ཤར་གཏོང་ཐུབ་པར་འགན་ལེན་བྱས་པ་རེད། སྤྱིའི་ལམ་ཚད་སྤྱི་ལེ373.5ཡོད་པའི་རིམ་པ་གཉིས་པའི་གཞུང་ལམ་བཞི་དང་། པིས་སང་ཀུའུ་ཆུ་མཛོད་དང་། སུམ་མདོའི་གཙང་པོའི་ཆུ་མཛོད་སོགས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཙོ་གནད་རྣམ་གྲངས131འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། མ་དངུལ་སྒོར་དུང་ཕྱུར141.6ཡན་བཏང་ཡོད། རྣམ་གྲངས་གལ་ཆེན་ཁག་གཅིག་རིམ་དབྱེ་རིགས་དབྱེ་གསོག་འཇོག་བྱས་ཏེ། རྣམ་གྲངས་ཀྱི་འགུལ་རྣམ་གསོག་འཇོག་གཞི་ཁྱོན་སྒོར་དུང་ཕྱུར1000ཡན་ཟིན་པར་འགན་ལེན་ཏན་ཏིག་བྱས། རྣམ་གྲངས་ཀྱི་དུས་འགོའི་གྲོན་དངུལ་སྒོར་ཁྲི་2500ཡན་འགན་ལེན་བྱས་ཤིང་། རྣམ་གྲངས་གདམ་གསེས་དང་། རིགས་པས་ཁུངས་སྐྱེལ། ཞིབ་མཆན་འགོད་པ་སོགས་སྔོན་སྒྲིག་རང་བཞིན་གྱི་ལས་དོན་ཏན་ཏིག་ངང་བཟང་པོ་བསྒྲུབས་ནས་འབྲི་ཆུའི་རིམ་པ་གཉིས་པའི་གཞུང་ལམ་དང་རིག་ལྡན་རླངས་འཁོར་འཇོག་ས་སོགས་རྣམ་གྲངས་གལ་ཆེན་གྱི་དུས་འགོའི་ལས་དོན་ལེགས་སྒྲུབ་བྱེད་དགོས། རྒྱལ་ཁབ་ཀྱི་མ་དངུལ་འཇོག་པའི་ཕྱོགས་སྟོན་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར5ཡན་བརྩོན་ལེན་བྱེད་པར་ཧུར་ཐག་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།