ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུའི་འགྲམ་གྱི་ཞིང་ཁྱིམ་སྤྲོ་གསེང་ཁང་གི་སྲེའུ་ལ་འབྲས་བུ་སྨིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འབྲས་བུ་སྨིན་པའི་སྲེའུ། 

2.jpg

འབྲས་བུ་སྨིན་པའི་སྲེའུ། 

3.jpg

འབྲས་བུ་སྨིན་པའི་སྲེའུ། 

4.jpg

འབྲས་བུ་སྨིན་པའི་སྲེའུ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དབྱར་ཚུགས་རྗེས་འབྲི་ཆུའི་འགྲམ་གྱི་ཞིང་ཁྱིམ་སྤྲོ་གསེང་ཁང་གི་སྲེའུ་ལ་འབྲས་བུ་སྨིན་ཞིང་། དམར་ཐིང་ཐིང་དང་དམར་སེར་སེར་གྱི་སྲེའུ་ཡལ་གའི་སྟེང་དུ་བཀལ་བ་དེ་ནི་དྭངས་ཤིང་གསལ་ལ་མི་སེམས་འགུག་པ་དང་། སྡོང་བོ་དེའི་དྲི་ཞིམ་གྱིས་བྱ་བྱེའུ་རྣམས་ཀྱང་བཀུག་ནས་ཡལ་གའི་སྟེང་དུ་གསུང་སྙན་སྒྲོག །

 ཉེ་བའི་ལོ་ཤས་རིང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་ཏང་འཛུགས་སྐྱོང་དམ་འཛིན་ཤུགས་ཆེན་བྱས་ནས་དབུལ་ཐར་མཁྲེགས་གཏོར་ཐད་སྐུལ་འདེད་བཏང་བ་དང་། གྲོང་གསེབ་དར་རྒྱས་གཙོ་བོར་བཟུང་ནས“མཛེས་སྡུག་བཞི”གཏོད་རྒྱུར་སྐུལ་འདེད་བྱས་པས་རྒྱ་ཆེའི་གྲོང་གསེབ་མང་ཚོགས་ཀྱི་ཁོར་ཡུག་མཛེས་བཟོ་དང་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན། ཁྱིམ་ཚང་རེ་རེས་ཁང་བའི་རྒྱབ་མདུན་དུ་སྲེའུ་དང་། ཡིང་ཧྭ། རྒྱ་སེ་མེ་ཏོག་སོགས་ལྗང་བསྒྱུར་རྩི་ཤིང་བཙུགས་པས་གྲོང་ཚོ་དང་གྲོང་སྡེ་སོ་སོའི་རྣམ་པ་གསར་བ་ཞིག་གྲུབ་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།