ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རིག་གནས་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུའུ་དང་རིག་གནས་ཡུལ་སྐོར་ཁྲིམས་འཛིན་རུ་ཆེན་གྱིས་མཉམ་འབྲེལ་གྱིས་“4·23”འཛམ་གླིང་དཔེ་ཀློག་ཉིན་མོ་དང་། “4·26”འཛམ་གླིང་གི་ཤེས་བྱའི་བདག་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཁོངས་གཏོགས་ས་ཁུལ་དུ“འཆལ་སེལ་ངན་རྡུང་གི2020ལོའི་ལྗང་མྱུག་སྲུང་སྐྱོང་”རིག་གནས་ཁྲོམ་རའི་ཆེད་དོན་ཞིབ་བཤེར་བྱ་འགུལ་དང“ལྗང་མདོག་དཔེ་དེབ”དྲིལ་བསྒྲགས་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ་རིག་གནས་ཁྲོམ་ར་གཙང་བཟོ་བྱས་པ་རེད།

ཁྲིམས་འཛིན་མི་སྣས་སློབ་གྲྭའི་ཉེ་འཁོར་གྱི་དཔེ་ཚོང་ཁང་དང་། རིག་གནས་དང་ལུས་རྩལ་སྒོ་རྩིས་ཚོང་ཁང་། ཡིག་གཏག་བསྐྱར་དཔར་ཁང་སོགས་སུ་ཚུལ་མིན་གཏུམ་སྤྱོད་དང་ཆགས་སྲེད་སོགས་ཀྱི་ནང་དོན་ལྡན་པའི་དཔེ་དེབ་དང་དེ་བཞིན་རིག་གནས་ཐོན་རྫས་ཕྱིར་ཚོང་བྱེད་པ། པར་དབང་བརྐུས་པའི་དཔེ་དེབ་ཕྱིར་ཚོང་དང་པར་དབང་རྐུ་སྤྱོད་བྱེད་པའི་སློབ་དེབ་དང་སློབ་ཁྲིད་ཟུར་ཁྲིད་སོགས་ཀྱི་དཔེ་ཆ་འཚོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་ཚོང་གཉེར་བྱ་སྤྱོད་གཙོ་གནད་ཏུ་བཟུང་ནས་ཞིབ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག་ཚོང་གཉེར་བྱ་ཡུལ་སྣ་ཚོགས་སུ“འཆལ་སེལ་ངན་རྡུང་གི2020ལོའི་ལྗང་མྱུག་སྲུང་སྐྱོང་”ཆེད་དོན་བྱ་སྤྱོད་ཀྱི་བརྡ་ཁྱབ་དྲིལ་བསྒྲགས་དང་། ཡུལ་དངོས་སུ་“ལྗང་མདོག་དཔེ་དེབ”སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ལྗང་མདོག་དཔེ་ཀློག་དང་། དཔལ་ཡོན་དྲ་འཇུག ཁྲིམས་འགལ་དཔེ་སྐྲུན་དངོས་པོ་དང་དེ་བཞིན་གནོད་ལྡན་ཆ་འཕྲིན་རང་རྟོགས་ངང་བཀག་འགོག་དང་བར་ཐག་རིང་དུ་བཀྱེད་པ་བཅས་བྱས་ནས“དཔེ་དེབ་མང་ཙམ་ཀློག་པ་དང་། དཔེ་དེབ་བཟང་པོ་ཀློག་པ། དཔེ་དེབ་ཀློག་མཁས་པོ་བྱེད་པ་”བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་དར་སྤེལ་བཏང་། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།