ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་སྐུལ་སློང་ཚོགས་འདུ་འཚོགས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།
  • ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་།  ལོ་ལྟར་གྱི་སྟོན་ཁ་དང་དགུན་ཁར་རང་ཁུལ་གྱིས་བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་རྒྱུ་ཡིན་པ་ཐག་བཅད་བྱས་པ་དང་།  ད་ལོར་སྐབས་དང་པོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་ཟླ་9པར་སྤེལ་རྒྱུ་ལ་གཏན་འཁེལ་བྱས་པ་རེད།

རྒྱལ་ཐང་སྐོར་བྲོ།

འཇོལ་གཞས།

ཤོམ་འགྲོ།

བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བར་གྲ་སྒྲིག་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དུ་བརྟག་ཞིབ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།ཁུལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། དུས་རབས་གསར་པའི་བོད་རིགས་ས་ཁུལ་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན།བདེ་ཆེན་གྱི་མ་འོངས་པར་ཕྱོགས་པ་དང“ཡུན་ནན་ནུབ་ཕྱོགས་ཀྱི་ཡུལ་སྐོར་ལམ་རྒྱུད”འཛུགས་སྐྲུན་གྱི་འཐབ་ཇུས་ལ་གཞི་ཚུགས་པ་དང་། སྔར་ལས་ལྷག་པར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།