ཀྲུང་གོ་བོད་ཀྱི་དྲ་བ།

རབ་ཏུ་བཞད་པའི་མཐོ་སྒང་གི་སྟག་མའི་མེ་ཏོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

མཐོ་སྒང་གི་སྟག་མའི་མེ་ཏོག

2.jpg

མཐོ་སྒང་གི་སྟག་མའི་མེ་ཏོག

3.jpg

མཐོ་སྒང་གི་སྟག་མའི་མེ་ཏོག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ་བཞི་བར་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་གིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྔོ་ལྗང་རི་ཀླུང་ཚོན་མདོག་དམར་པོར་གྱུར་བ་དང་། རི་ཀླུང་ཡོངས་སུ་ཁྱབ་པའི་སྟག་མའི་མེ་ཏོག་ནི་འདབ་ཆགས་ཚོའི་གླུ་ལེན་གར་རྩེའི་ཞིང་ཁམས་སུ་གྱུར་ནས་གང་ས་གང་དུ་རང་བྱུང་འཆམ་མཐུན་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཐོ་སྒང་གི་དཔྱིད་ཀའི་རྣམ་པ་ཞིག་ཤར་ཡོད།

 ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་དམིགས་བསལ་དུ་བཟུང་ཞིང་། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཐབས་མང་གིས་ཕྱོགས་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྐུལ་འདེད་བཏང་སྟེ། མིག་ཟུང་ལ་སྲུང་སྐྱོང་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་པས། ཁུལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འཕེལ་རྒྱས་གསར་བ་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐོབ་སྣང་དང་སྐྱིད་སྣང་མུ་མཐུད་ཇེ་ཆེར་སོང་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།