ཀྲུང་གོ་བོད་ཀྱི་དྲ་བ།

དེ་རིང་ནས་བཟུང་​སུམ་རྩེན་གླིང་ལྗོངས་ཁུལ་གྱི་སྒོ་ཕྱེས་པ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 1.jpg

སུམ་རྩེན་གླིང་ལྗོངས་ཁུལ།

2.jpg

སུམ་རྩེན་གླིང་ལྗོངས་ཁུལ།

3.jpg

སུམ་རྩེན་གླིང་ལྗོངས་ཁུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ4བའི་ཚེས1ཉིན་ནས་བཟུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཆེས་མཐའ་མའི་ལྗོངས་ཁུལ་ཏེ་སུམ་རྩེན་གླིང་ལྗོངས་ཁུལ་གྱི་སྒོ་ཕྱེས་པ་དང་། ད་ལྟའི་བར་དུ་ཁུལ་ཡོངས་ཀྱི་ལྗོངས་ཁུལ་ཚང་མ་སྒོ་ཕྱེས་པ་རེད། 

 ལྗོངས་ཁུལ་དེ་ལས་གཉེར་སླར་གསོ་བྱས་རྗེས་སྒོ་ཕྱེ་བའི་དུས་ཚོད་ནི་ཉིན་དགུང་གི་ཆུ་ཚོད12ནས་ཕྱི་དྲོའི་ཆུ་ཚོད19བར་ཡིན་ལ། གཉེར་སྐྱོང་སླར་གསོ་བྱས་ཉིན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མཇུག་རྗོགས་པའི་བར་དུ་སུམ་རྩེན་གླིང་ལྗོངས་ཁུལ་དུ་ཡོང་བའི་ཡུལ་སྐོར་བ་ཚང་མས་ངེས་པར་དུ་མིང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་མ་ཟད། ཁ་ཐུམ་རྒྱག་པ་དང་ལུས་པོའི་དྲོད་ཚད་བརྟག་དཔྱད་རྒྱུན་ལྡན་ཡིན་ཚེ་ད་གཟོད་ལྗོངས་ཁུལ་དུ་སོང་ཆོག་པ་རེད། 

  ཟླ4བའི་ཚེས1ཉིན་ནས་བཟུང་སུམ་རྩེན་གླིང་ལྗོངས་ཁུལ་གྱིས་སྒོ་འཛིན50%གཅོག་རྒྱུའི་གཟིགས་སྐྱོང་སྲིད་ཇུས(ལྗོངས་ཁུལ་གྱི་གཟིགས་སྐོར་རླངས་འཁོར་གྱི་རིན་དང་འགྲེལ་བཤད་རིན་ཕུད)ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྨན་བཅོས་ལས་དོན་པས་རང་ཉིད་ཀྱི་སྨན་པའི་ལག་ཁྱེར་དང་ནད་གཡོག་པའི་ལག་ཁྱེར། ནད་གཡོག་དཔང་ཡིག་སོགས་ནུས་ལྡན་ལག་ཁྱེར་ལ་བརྟེན་ནས་སྒོ་འཛིན་མི་དགོས་པར་ལྗོངས་ཁུལ་དུ་ལྟ་སྐོར་བྱས་ཆོག་པ་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།