ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལས་ཐོན་བསྐྱར་ཚུགས་དང་སློབ་འགོ་རྩོམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས21ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་བྱ་བའི་ཚོགས་འདུ་འཚོགས་ནས། གྲོང་ཁྱེར་ཡོངས་ཀྱི་ཉེ་དུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྙན་ཞུ་ལ་ཉན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། ལས་ཐོན་བསྐྱར་ཚུགས། སློབ་འགོ་རྩོམ་པ་བཅས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་བཀོད་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སློབ་གྲྭས་སློབ་འགོ་བརྩོམ་པར་འགན་ལེན་གང་ལེགས་དང་གྲ་སྒྲིག་གང་ལེགས་བྱེད་དགོས། སློབ་གྲྭ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ཞིབ་ཕྲའི་ཇུས་གཞི་བཟོས་ནས“སློབ་གྲྭ་རེར་ཡིག་ཚགས་རེ”ཡོད་པ་བྱེད་དགོས། བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་འགོ་བརྩོམ་པའི་སྔོན་གྱི་རིགས་ཁག་གི་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་གྲ་སྒྲིག་དམ་འཛིན་བྱས་ཏེ་གྲབས་གསོག་དམིགས་སར་འབྱོར་བ་དང་། བདེ་འཇགས་ནུས་ལྡན། ཚན་རིག་དང་མཐུན་པའི་བེད་སྤྱོད་བཅས་ཐུབ་པར་འགན་ལེན་བྱེད་དགོས། ཁྱོན་ཡོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་རྩལ་ནུས་དྲིལ་བསྒྲགས་དང་གསོ་སྦྱོང་བཟང་པོ་བྱེད་པ། བཀག་སྡོམ་གྱི་རྣམ་པའི་དོ་དམ་བྱ་ཐབས་དོན་འཁྱོལ་ནན་མོ་བྱེད་པ་དང་། འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ས་ཁོངས་ལ་དམ་པོར་དམིགས་ཏེ། གོ་རིམ་ཡོད་པ་དང་། དུས་ཚོད་ཡོད་པ་བཅས་ཀྱི་སྒོ་ནས་སློབ་གྲྭའི་ལས་དོན་ཁག་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ་ཞིབ་ཕྲའི་བྱེད་ཐབས་ལྷུ་ཚིགས་ཚང་མའི་སྟེང་སྤྱོད་དགོས་པ་དང་། ལྟ་སྐུལ་མཛུབ་ཁྲིད་བཟང་པོ་བྱས་ཏེ་ཆེད་མཁས་ཚན་ཆུང་གང་མགྱོགས་ཀྱིས་བཙུགས་ནས་སློབ་གྲྭས་སློབ་འགོ་བརྩོམ་པའི་ཉེན་ཁར་དཔྱད་དཔོག་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པར་ནན་གྱིས་བསྟན།

ཚོགས་འདུའི་ཐོག་ཕྱི་རྒྱལ་དང་དེ་བཞིན་རིམས་ནད་ཐོན་ཁུལ་གཙོ་བོ་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཡོང་མཁན་མི་སྣར་དོ་དམ་བཟང་པོ་བྱེད་པ་དང་། དྲ་མིག་ཅན་གྱི་དོ་དམ་འགན་འཁྲི་ནན་དུ་གཏོང་བ། ལྟ་སྐུལ་སྟོབས་ཤུགས་ལ་སྐུལ་སློང་གང་ལེགས་བྱེད་པ། མཉམ་འགོག་མཉམ་སྡོམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལོང་ཁུལ་གྱི་ཁུག་ཀྱོག་མི་ལུས་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། སྡེ་ཁུལ་དོ་དམ་ལས་རིགས་མེད་པ་དང་སྡེ་ཁུལ་ཨུ་ཡོན་ལྷན་ཁང་མེད་པའིས་སྡེ་ཁུལ་ཆུང་བས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཧུར་ཐག་གིས་སྡེ་ཁུལ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་སྐུལ་འདེད་བཏང་ནས། སྡེ་ཁུལ་ཆུང་བའི་རང་ངོས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་སྡེ་ཁུལ་ཆུང་བའི་ཕུགས་ཕན་ཚད་ལྡན་གྱི་དོ་དམ་མངོན་འགྱུར་ཡོང་བ་བྱེད་དགོས་པ་མ་ཟད། ཁེ་ལས་དང་ཚོང་དུད་ཀྱི་ལས་ཐོན་བསྐྱར་ཚུགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ལས་ཐོན་བསྐྱར་ཚུགས་ཀྱི་ཁེ་ལས་དང་ལས་ཡུལ་གྱི་སྔོན་འགོག་ཚོད་འཛིན་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་ཐོན་སྐྱེད་ཁྲོད་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ལ་དམ་པོར་དམིགས་པ། སྔོན་འགོག་དམིགས་སར་འབྱོར་བ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།