ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཡོངས་སུ་ལས་འགོ་ཚུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཚེས11ཉིན་གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཁུན་མེན་ཅུའུ་ཚོགས་པའི་ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ལམ་ཐིག་ཧྲིལ་བོའི་ལས་འགོ་བསྐྱར་ཚུགས་བྱས་པ་རེད།

  ལམ་ཐག་ཧྲིལ་བོར་སྤྱི་ལེ139.7ཟིན་ཡོད་པའི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱིས་ཡུན་ནན་ལི་ཅང་གྲོང་ཁྱེར་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཉིས་སྦྲེལ་པས་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། ལྕགས་ལམ་དེ་གཡུ་ལུང་གངས་རི་དང་། ཧ་པ་གངས་རི། སྟག་མཆོང་འགག་སོགས་ལྗོངས་ཁུལ་གྲགས་ཅན་བརྒྱུད་དེ་ལམ་ཧྲིལ་བོར་མཛེས་ལྗོངས་ལྟ་ན་སྡུག་ལ་ཆེས་མཛེས་པའི“མཁའ་ལམ”ཞེས་མཚན་སྙན་ཐོགས།

  ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་རིམ་པ་དང་པོའི་ལམ་ཐིག་ཕྱོགས་གཅིག་སྟེ་གློག་ཤུགས་ཅན་གྱི་ལྕགས་ལམ་ཡིན་པ་དང་། མྱུར་ཚད་ཀྱི་དམིགས་ཚད་ནི་ཆུ་ཚོད་རེར་སྤྱི་ལེ120དང་། ལམ་ཐིག་ཧྲིལ་བོར་ཟམ་པ34 ། ཕུག་ལམ20 ། ཟམ་ཕུག་གི་བསྡུར་ཚད73.4%བཅས་ཟིན་ཡོད། འཛུགས་སྐྲུན་གྱི་སྤྱིའི་ལས་ཡུན་ལོ6ཡིན་ལ། 2014ལོའི་ལོ་མཇུག་ཏུ་ལས་འགོ་ཚུགས་པ་དང2020ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་ནས་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད།

 ལོ་གསར་སྔོན་ལ་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་བོའི་ལམ་གཞི92.0%དང་། ཟམ་པ91.9% ། ཕུག་ལམ86.7%བཅས་ལེགས་འགྲུབ་བྱུང་ཞིང་། འཛུགས་སྐྲུན་ཚར་རྗེས་ཡུན་ནན་ནུབ་བྱང་ས་ཁུལ་གྱི་ལྕགས་ལམ་དྲ་བ་དང་སྐྱེལ་འདྲེན་ཞབས་ཞུ་ཁ་གསབ་བྱེད་ཐུབ་པ་མ་ཟད། ཡུན་ནན་ནུབ་བྱང་ས་ཁུལ་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་། ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།