ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གིས་འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་སླར་གསོ་ལས་གཉེར་བྱེད་དུ་བཅུག​

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་བདེ་ཆེན་རྫོང་གིས་ཆ་རྐྱེན་འཛོམས་པའི་འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་ལ་ལས་གཉེར་སླར་གསོ་བྱས་ནས་ཕྱོགས་ཡོངས་ནས་ཐོན་སྐྱེད་དང་ལས་ཀ་སླར་གསོ། མང་ཚོགས་ཕྱིར་བསྐྱོད་རྒྱུ་བཅས་ལ་སྟབས་བདེའི་ཆ་རྐྱེན་བསྐྲུན།

 ཟླ2བའི་ཚེས23ནས་བཟུང་བདེ་ཆེན་རྫོང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བར་དང་། བདེ་ཆེན་རྫོང་ནས་འབའ་ལུང་རྫོང་བར་གྱི་རྫོང་རིམ་པའི་རླངས་འཁོར་དང་བདེ་ཆེན་རྫོང་གྲོང་ནས་ཤར་རོང་ཤང་། ཨ་སྟོང་གྲོང་ཚོའི་བར་གྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་སླར་གསོ་བྱས་ཤིང་། རྫོང་འགྲུལ་སྐྱེལ་ཀུང་སིས་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་གཞིར་བཟུང་ནས་ལམ་ཐིག་གཞན་པའི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་ཡང་རིམ་བཞིན་སླར་གསོ་བྱ་རྒྱུ་རེད། གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ཐད་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་སླར་གསོ་བྱས་ཡོད་ལ། ཟླ2བའི་ཚེས24ཉིན་ནས་བཟུང་ཞིབ་བཤེར་གཏན་འབེབས་ཆ་རྐྱེན་ཐོན་པའི་གྲོང་གསེབ་ཀྱི་ལམ་ཐུང་འགྲུལ་སྐྱེལ་རླངས་འཁོར་ཡང་སླར་གསོ་ལས་གཉེར་བྱ་རྒྱུའི་ཐག་བཅད།

 རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་འགྲུལ་སྐྱེལ་རླངས་འཁོར་རིགས་ཀྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། འགྲུལ་བ་རྣམས་ཀྱིས་འགྲུལ་སྐྱེལ་ཁེ་ལས་ལ་གཞོགས་འདེགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་ལག་ཁྱེར་ཐོ་འགོད་དང་ལུས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་ཡག་པོ་བྱེད་དགོས་པ་མ་ཟད། ཁ་ཐུམ་བརྒྱབ་ནས་གང་ཐུབ་ཀྱིས་ཁ་བཀྲམ་ནས་རླངས་འཁོར་འདུག་པ་དང་། རླངས་འཁོར་འདུག་དུས་དང་འབབ་དུས་རང་འགུལ་ངང“ཡུན་ནན་གྱི་རིམས་ནད་འགོག་བཅོས”ཅེས་པའི་རྩ་གཉིས་ཨང་རྟགས་བཤེར་ནས་རིམས་འགོག་ཚོད་འཛིན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།