ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་ཁེ་ལས་པ10ལ་ཡུན་ནན་ཞིང་ཆེན་གྱི་ན་གཞོན་ལས་གཏོད་པའི་ཧྲེང་ཀྲང་གཟེངས་བསྟོད་ཐོབ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས9ཉིན་གྱི་སྔ་དྲོ་རང་ཞིང་གིས་སྐབས་བརྒྱད་པའི་ན་གཞོན་ལས་གཏོད་ཧྲེང་ཀྲང་བྱ་དགའ”སྐབས་བརྒྱད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཡུན་ནན་གཞོན་ནུའི་ལས་གཏོད་ཧྲེང་ཀྲང་བྱ་དགའ”ཐོབ་མཁན10དང་མིང་འདོན་བྱ་དགའ་ཐོབ་མཁན་7ལ་གཟེངས་བསྟོད་བྱས་པ་རེད། 

སྐབས་བརྒྱད་པའི“ཡུན་ནན་གཞོན་ནུའི་ལས་གཏོད་ཧྲེང་ཀྲང་བྱ་དགའ”ཐོབ་མཁན10ནི་ཁུན་མིང་ཨོ་ཡོན་དོ་དམ་ལས་རིགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཏའེ་ཀྲི་ཁྲུན་དང་།ཡུན་ནན་ཀྲུང་ཨན་བདེ་སྲུང་ཞབས་ཞུ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཀྲུའུ་པང་རུའེ། ཡུན་ནན་ཏའེ་ཡུས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་གཉེར་བ་གཅིག་ལྕོགས་ལིའུ་ལི་ཅིན། ཁུན་མིང་ཁྲུན་ཞའོ་དཔེ་དེབ་དཔལ་འབྱོར་ཉོ་ཚོང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་གཉེར་བ་གཅིག་ལྕོགས་ལི་ལུང་དང་། ཡུན་ནན་སེན་པོ་ཨར་འདམ་མཉམ་བསྲེས་སྨན་རྫས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཨ་ཀོང་ཆང་། བདེ་ཆེན་སྲོང་བཙན་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཀྲི་ཧྲི་ཆི་ལིན། ཡུན་ནན་ཡུན་ཡུན་ཧའེ་ཟས་རིགས་བཟའ་བཏུང་དོ་དམ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲའོ་ཧན། ཡུན་ནན་ཅིན་ཀྲེང་གློག་རྡུལ་ཚོང་དོན་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡོན་རུང་དང་། ཞོན་ཝུའེ་གྲོང་ཁྱེར་ཤོན་ཧུའེ་ཉི་ནུས་སྒྲིག་ཆས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཞུས་ཅུན་ཧྥེང་། ཁུན་མིང་སན་ཁྲོན་གློག་སྐུད་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་ཁྲིམས་མིའི་འཐུས་མི་གཅིག་ལྕོགས་ཀུའོ་སུང་ཁྲོན་བཅས་ཡིན་པ་རེད། 

ཡུན་ནན་གཞོན་ནུའི་ལས་གཏོད་ཧྲེང་ཀྲང་བྱ་དགའ”ཐོབ་མཁན་ཁྲོད་གདོང་མཆོང་བྱེད་ཕོད་པའི་སློབ་ཆེན་སློབ་ཐོན་སློབ་མ་དང་ཚན་རྩལ་གསར་གཏོད་ཀྱི་ཕུལ་བྱུང་གཞོན་ནུ། དམག་ཁོངས་ནས་ཕྱིར་འཐེན་བྱས་རྗེས་སླར་ཡང་ལས་གཏོད་བྱེད་མཁན་གཞོན་ནུ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་མཁན་གྲོང་གསེབ་ཀྱི་གཞོན་ནུ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་བཟོ་ལས་པ་གཞོན་ནུ་དང་སྤྱོད་གོ་ཆོད་པའི་འབད་འཐབ་ལ་བརྟེན་ནས་ལས་གཏོད་བྱེད་མཁན་བུད་མེད་བཅས་ཡོད་པ་རེད། ཁོང་ཚོ་ལས་རིགས་མི་འདྲ་བ་དང་ས་ཁོངས་མི་འདྲ་བ་ནས་ཡོང་བ་དང་།         རང་རེའི་ཞིང་ཆེན་གྱི་ན་གཞོན་ཁེ་ལས་མཁས་ཅན་གྱིས་གཙོ་གནད་ཐོན་ལས་ཆེན་པོ་བརྒྱད་ནང་ཞུགས་ནས་འཛམ་གླིང་གི་སྤུས་རྟགས་རྩེ་གྲ་གསུམ་བཏོད་དེ་གྲངས་གཞིའི་ཡུན་ནན་འཛུགས་སྐྲུན་གྱི་ཉམས་འགྱུར་དང་གཟུགས་བརྙན་ལ་སྐུལ་འདེད་བཏང་ཡོད། 

སྐབས་བརྒྱད་པའི“ཡུན་ནན་གཞོན་ནུའི་ལས་གཏོད་ཧྲེང་ཀྲང་བྱ་དགའ”མིང་འདོན་བྱ་དགའ་ཐོབ་མཁན་7ནི་ཡུན་ནན་ཀྲུང་ཞུས་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཝང་ཅན་ཚུན་དང་ཡུན་ནན་ཤིན་ཁྲེང་ཆུ་འགོག་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་གཉེར་བ་གཅིག་ལྕོགས་ལིའུ་ཀོན་ལིན་རེད། ཡུན་ནན་ཡན་ལག་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཀྲང་ཡུས་དང་། ཁྲུའུ་ཞུང་གྲོང་ཁྱེར་ཡུན་ཡུས་སོས་བཟའ་བཅའ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཁྲེན་ཅིན་ཆོན། ཡུན་ནན་ཧུང་ཧྭ་མི་ཤུགས་ཐོན་ཁུངས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ལུའོ་ཁྲེང་ཀྲེན། ཡུན་ནན་ཐེན་པའོ་ཧྭ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཀྲུང་ཡུས། ཡུན་ནན་ཧུང་ལིང་ཡུན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཞུས་ཐའོ་བཅས་རེད། ཡུན་ནན་གཞོན་ནུའི་ལས་གཏོད་ཧྲེང་ཀྲང་བྱ་དགའ”མིང་འདོན་བྱ་དགའ་ཐོབ་མཁན་ལ་སྦགས་བཙོག་བཅོས་སྒྲིག་དང་། ཆུ་འགོག་ཨར་ལས་རྒྱུ་ཆ། དབུལ་སྐྱོར་དབང་པོ་སྐྱོན་ཅན་ལ་རོགས་རམ། ངལ་ནུས་ཕྱིར་གཏོང་། སྐྱེ་དངོས་རྫས་འགྱུར་བཟོ་ལས། “དྲ་སྦྲེལ+”སོགས་ཁྱབ་ཁོངས་སུ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།