ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་མཁན་མི་གྲངས་ཁྲི4418ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2000ལོར་ཡུས་ཤིས་གྲོང་ཁྱེར་དུ་སྤྱི་ཚོགས་འགན་སྲུང་བྱང་བུ་ཐོག་མ་དེ་འགྲེམས་སྤེལ་བྱས་ཚུན། 2019ལོའི་ལོ་མཇུག་བར་ཡུན་ནན་ཞིང་ཆེན་ཡོངས་སུ་སྤྱི་ཚོགས་བྱང་བུ་འཛིན་མཁན་མི་གྲངས་ཁྲི4418ལ་སླེབས་ཡོད་པ་རེད།

སྤྱི་ཚོགས་འགན་སྲུང་གཱ་གཞི་རྟེན་དུ་བྱེད་པའི“གཱ་གཅིག་ཀུན་སྤྱོད”ཀྱི་ཞབས་ཞུའི་དོ་དམ་བྱེད་སྟངས་མངོན་འགྱུར་བྱས་ནས་ཕན་འབྲས་སྔར་བས་ཆེ་བ་དང་། སྟབས་བདེ། བདེ་འཇགས་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་ཆེད། ཡུན་ནན་ཞིང་ཆེན་གྱིས་སྔ་རྗེས་སུ་བྱ་ཐབས་རབ་དང་རིམ་པ་བཏོན་ནས་སྤྱི་ཚོགས་འགན་སྲུང་གཱ་ཡི་ལས་དོན་ལ་འཆར་འགོད་བཀོད་སྒྲིག་དང་སྐུལ་འདེད་བཏང་བ་རེད།

ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་ལས་སྒོའི་ཞབས་ཞུའི་སྐར་ཁུང150ཙམ་གྱིས“ཡུན་ནན་ཞིང་ཆེན་གྱི་སྤྱི་ཚོགས་འགན་སྲུང་གཱ་ལས་དོན་དོ་དམ་མ་ལག”བརྒྱུད་དངུལ་རྩའི་སྤྱི་ཚོགས་འགན་སྲུང་གཱ་ཡི་ལས་སྒོ་ཁག་གཉེར་བ་དང་། བཟོ་ཚོང་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། ཡུན་ནན་ཞིང་ཆེན་གྲོང་གསེབ་ཡིད་རྟོན་ཁང་བཅས་མཉམ་ལས་དངུལ་ཁང་ལྔའི་དྲ་ཚིགས་3800ལྷག་ཙམ་གྱིས་དངུལ་རྩའི་སྤྱི་ཚོགས་འགན་སྲུང་གཱ་ཡི་ལས་སྒོ་གཉེར་བའི་ནང་མཉམ་ལས་དངུལ་ཁང་གི་དྲ་ཚིགས734ཡིས་མགྱོགས་མྱུར་གཱ་བཟོ་བའི་ལས་སྒོ་གཉེར་ནས་གཱ་བཟོ་ཆོག་པ་མངོན་འགྱུར་བྱུང་ཡོད། 

“སྦྲེལ་དྲ+”ཡི་དགོངས་དོན་དོན་འཁྱོལ་བྱེད་པ་དང་སྤྱི་ཚོགས་འགན་བཅོལ་གཱ་ཡི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཡུན་ནན་ཞིང་ཆེན་གྱིས་སྨན་ཚོང་ཁང་དང་མཉམ་ལས་དངུལ་ཁང་གི་དྲ་ཚིགས4100ལྷག་ཙམ་དུ་དངུལ་རྩའི་སྤྱི་ཚོགས་འགན་བཅོལ་གཱ་ཡི་མི་དང་སྤྱི་ཚོགས་ཀྱི་གསང་བའི་ཨང་རྟགས་བཟོ་བཅོས་རྒྱག་པ་དང་བསྐྱར་བཟོའི་ལས་སྒོ་གཉེར་ནས་འགན་བཅོལ་ནང་ཞུགས་མཁན་ལ་ནུས་པ་མཐོ་བའི་ལས་སྒོ་གཉེར་རྒྱུར་སྟབས་བདེ་ཆེ་ཤོས་བསྐྲུན་ཡོད།

ཞིང་ཆེན་ཡོངས་སུ་གཱ་མགྱོགས་མྱུར་གྱིས་སྤྲོད་པ་དང་གཱ་བརྗེ་བ་དང་ཁ་གསབ་བྱེད་པ་སོགས་ཀྱི་ལས་སྒོ་ཞིང་ཆེན་ཡོངས་ནས་གཉེར་ཐུབ་པ་དང་། གཱ་འཛིན་མཁན་གྱིས་ཞིང་ཆེན་ནང་ཁུལ་དུ་གཱ་བསྐོར་བ་ལས་གཱ་བརྗེ་མི་དགོས་པ་དང་། ཞིང་ཆེན་ནང་ཁུལ་དུ་མི་གཅིག་ལ་གཱ་རེ་སྤྲོད་པ་དང་གཱ་འཛིན་མཁན་གྱིས་འགན་བཅོལ་ནང་ཞུགས་སར་འགྱུར་ལྡོག་གཏོང་སྐབས། དངུལ་རྩའི་སྤྱི་ཚོགས་འགན་བཅོལ་གཱ་ལས་སྒོ་གཉེར་སྒྲུབ་ཞབས་ཞུའི་དྲ་ཚིགས་སུ“གྲོང་ཁྱེར་གནས་སྤོ”ལས་སྒོ་གཉེར་ཆོག་གི་ཡོད་པ་རེད། །

 云南省社会保障卡持卡人数达4418万 

新华网昆明1月14日电(罗春明)据云南省人力资源和社会保障厅消息,自2000年在玉溪市首发第一张社会保障卡以来,截至2019年末,云南全省持卡人数已达4418万。

  为实现以社会保障卡为载体的“一卡通”服务管理模式,提供更加高效、便捷、安全的服务,云南省先后出台一系列举措,对社保卡工作进行规划部署和推进。

  全省各级人社部门近150个业务服务窗口通过“云南省社会保障卡卡务管理系统”办理金融社保卡各项业务,工商银行、农业银行、中国银行、建设银行、云南省农村信用社五家合作银行的3800多个网点开展金融社保卡业务办理,其中734个合作银行网点开通快速制卡业务,实现了快速制卡立等可取。

  为落实“互联网+”精神、进一步提升社会保卡服务能力,云南省在4100多个药店和合作银行网点开通金融社保卡人社密码修改、重置业务,为参保人办理高频业务提供最大便利。

  全省实现快速发卡、补换卡等业务的全省通办,持卡人省内转移不用换卡,省内一人一卡,持卡人参保地变更时只需到金融社保卡业务经办服务网点办理“城市转移”业务即可。(完)

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།