ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་འཇོལ་རྫོང་ཁོངས་སུ་ཚ་ཚ་ལ་ཡུལ་དངོས་བརྟག་དཔྱད་བྱས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

13cd3c58-f4a1-4704-b23d-3c9d52c4cad1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་དང་འཇོལ་རྫོང་རིག་དངོས་དོ་དམ་སུའོ་ཡིས་མཉམ་འབྲེལ་བྱས་ནས་འཇོལ་རྫོང་གི་ཁོངས་སུ་རིག་དངོས་ཚ་ཚ་ལ་ཡུལ་དངོས་བརྟག་དཔྱད་བྱས་པ་རེད།

9ee7c5bb-1157-4dd2-95a8-23654cef3e19.jpg

ཚ་ཚ་ནི་སྤྱི་ལོ་དུས་རབས་བདུན་པ་ནས་བཟུང་ནང་བསྟན་རིག་གནས་དང་བསྟུན་ནས་བོད་དུ་དར་བ་དང་།ཚ་ཚ་འདི་ཐོག་མར་ས་འདམ་གྱི་རྒྱུ་ལས་བསྐྲུན་པའི་འབུམ་པ་དང་སྐུ་བརྙན། སྔགས་ཡིག་སོགས་ལ་གོ་ཡང་། རྗེས་སོར་རྗེས་རབས་པས་འགྱུར་བ་བཏང་ནས་རིགས་མི་མཐུན་པའི་ཚ་ཚ་སྣ་ཚོགས་ཞིག་པར་ལ། དཔེར་ན། སཙྪ། སྨན་ཚ། སྤོས་ཚ། རླུང་ཚ། ཆུ་ཚ། སྤགས་ཚ། ཕྱག་ཚ། རུས་ཚ། སྤུར་ཚ་སོགས་དུ་མ་ཞིག་མཆིས།

e9450a26-f416-45fb-8299-a84ced32e7c1.jpg

ཐེངས་འདིའི་བརྟག་དཔྱད་དེ་དུས་མཚམས་གཉིས་སུ་དབྱེ་ནས་སྤེལ་བ་དང་།དུས་མཚམས་དང་པོར་རྫ་ཆུའི་ལམ་རྒྱུད་གཙོ་བོར་བྱས་ནས་བརྟག་དཔྱད་ཚོ་ཆུང་གིས་ཤང་གྲོང་4དང་། ཚ་ཚའི་གནས་ཡུལ་35 དགོན་སྡེ་7 བྲག་བརྐོས་རི་མོའི་གནས་ཡུལ་5 རིག་དངོས་སྲུང་སྐྱོང་ཚན་པ་6བཅས་སུ་བཅར་འདྲི་བྱས་པ་རེད།   དུས་མཚམས་གཉིས་པར་འབྲི་ཆུའི་ལམ་རྒྱུད་གཙོ་བོར་བྱས་ཏེ་ཤང་གྲོང་4དང་། ཚ་ཚའི་གནས་ཡུལ49 དགོན་པ་10 བྲག་བརྐོས་རི་མོའི་གནས་ཡུལ་2 རིག་དངོས་སྲུང་སྐྱོང་ཚན་པ་11བཅས་སུ་བཅར་འདྲི་བྱས་པ་རེད།  བརྟག་དཔྱད་ཚོ་ཆུང་གིས་འཇོལ་རྫོང་ཁོངས་སུ་ཚ་ཚའི་ཁྱབ་ཚུལ་དང་། འབྱུང་ཁུངས། འཕེལ་རྒྱས་ཀྱི་ལོ་རྒྱུས། བཟོ་ཐབས་བཅས་དང་དེ་བཞིན་ཤུགས་བསྟན་གོ་དོན་དང་སྒྱུ་རྩལ་གྱི་རྣམ་པ་སོགས་ལ་ཤེས་རྟོགས་རགས་ཙམ་བྱས་ནས། བདེ་ཆེན་ས་ཁོངས་ཀྱི་ཚ་ཚའི་རིག་གནས་ཞིབ་འཇུག་དང་། སྐུ་བཟོའི་སྒྱུ་རྩལ་ཞིབ་འཇུག འགྲེམས་སྟོན་བཅས་བྱ་རྒྱུར་མིག་རྒྱ་ཆེ་རུ་བཏང་བ་མ་ཟད། སླད་ཕྱིན་སྲུང་སྐྱོང་འཆར་གཞིའི་ལམ་ལུགས་བཙུགས་པར་རྨང་གཞི་བཏང་ཡོད་པ་རེད།

1a2406f8-aa01-4d71-bc5c-8eadbfa3acdf.jpg

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།