ཀྲུང་གོ་བོད་ཀྱི་དྲ་བ།

རྡོ་མཁར་རྫོང་ནས་ལོ་གསར་བསུ་བའི་བྱེད་སྒོ་བསྡུས་པ། ​

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ec4c04ab-17b2-425c-9eff-cfc4aef3c1f5.jpg

བོད་དང་འཇང་།  དབྱིས་རིགས་སོགས་མི་རིགས་སྤུན་ཟླས་མཉམ་དུ་མཐུན་སྒྲིལ་གྱི་སྐོར་བྲོ་འཆམ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས31ཉིན་གྱི་དགོང་མོའི་ཆུ་ཚོད19ཐོག “ལོ་གསར་བསུ་བའི་བྱེད་སྒོ་དེ་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་གཉེར་བ།མཚན་མོ་འཆར་ཉེའི་མཚམས་སུ་ཟླ་འོད་ཐང་ཆེན་དུ་ལོ་གསར་བསུ་བའི་དགའ་སྤྲོའི་རྣམ་པ་གང་སར་ཁྱབ་ཡོད་ཅིང་།མི་རིགས་ཁག་གི་བུ་ཕྲུག་ཚོས་ལག་གདང་སྦྲེལ་བ་དང་ཆབས་ཅིག་རོལ་དབྱངས་ཀྱི་སྟངས་སྟབས་དང་བསྟུན་ནས་ཞབས་བྲོ་འཁྲབ་པ་དང་།རྒྱལ་ཐང་སྐོར་བྲོ་དང་། འཇོལ་གཞས། ཉི་ཤར་བྱམས་གླུ། དབྱིས་རིགས་ཀྱི་ཞབས་བྲོ། ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭ་སོགས་ལེ་ཚན་རེ་རེ་བཞིན་འཁྲབ་སྟོན་བྱས་པ་རེད། མེ་ཕུང་དགོང་ཚོགས་ཀྱི་ཡུལ་དངོས་སུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་མང་པོ་ཞིག་གིས་ཡུལ་སྐོར་བའི་ཡིད་དབང་བཀུག་པ་རེད།    

0a692f3e-493e-4528-91b7-fda985c77742.jpg

རྒྱལ་ཐང་རོང་པའི་བྱམས་གླུ།

བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་གདན་དྲངས་ནས་2020ལོའི་གནམ་ལོ་གསར་ཚེས་ཀྱི་“ལོ་གསར་བསུ་བའི་མེ་ཕུང་མཚན་ཚོགས”ཀྱི་བྱེད་སྒོ་ཐད་གཏོང་བྱས་ནས།བདེ་ཆེན་ཁུལ་གྱི་མི་རིགས་ཁག་གི་བུ་ཕྲུག་གི་བསམ་པའི་ཉམས་འགྱུར་བཟང་པོ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་བཟང་པོ་གང་ལེགས་མངོན་ནས“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”སྤུས་རྟགས་སྔར་བས་མཐོ་རུ་བཏང་བ་རེད། 

25da5598-5361-44c0-aa8a-3de6d6011f03.jpg

རྒྱལ་ཐང་སྐོར་བྲོ་འཆམ་བཞིན་པ།

c56df9db-84d3-4544-8937-fb35951ba3ac.jpg

རྡོ་མཁར་ཞབས་ཀྱི་ཟླ་འོད་ཐང་ཆེན་དུ་འཛོམས་པའི་ལྟད་མོ་བ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།