ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་དཔལ་ཡོན་གསར་འཛུགས་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0c437b4e-5acd-4c78-875a-2cd3503f7b4b.jpg

རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱེད་སྒོ་སྤེལ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་རྒྱུར་བརྩོན་ལེན་བྱས་ཚུན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་《རྒྱལ་ཡོངས་ཀྱི་རྫོང་རིམ་པའི་དཔལ་ཡོན་གྲོང་ཁྱེར་གྱི་ཚད་ལེན་དཔྱད་བསྡུར་མ་ལག》ནང་གི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་རྣམ་གྲངས་7དང་། ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་ནང་དོན། ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཚད་གཞི་བཅས་ལ་ཞིབ་བསྡུར་ནན་པོ་བྱས་པས་དཔལ་ཡོན་གསར་འཛུགས་བྱེད་པའི་ལས་ཀར་ཕན་འབྲས་མངོན་གསལ་ཐོན་ཡོད་པ་རེད། 

5f31b046-e20b-43d4-8341-76f33b6d51a4.jpg

འགྲིམ་འགྲུལ་བདེ་འཇགས་ལ་ཐུགས་ཁུར་གནང་བ།

མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་ཟོག་ཁྲོམ་ར་ཁག་ཏུ་སྐྱོད་སྐབས་བསྒྲགས་ཡིག་གསར་པ་ཧ་ཅང་མང་པོ་བརྩམས་ཡོད་པ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་གྲོང་ཁུལ་གྱི་འགྲིམ་འགྲུལ་སྒྲིག་ལམ་ཆེད་དོན་བཅོས་སྒྲིག་བྱེད་སྒོ་ཤུགས་ཆེན་སྤེལ་ནས་འཕྲུལ་སྒུལ་མིན་པའི་འཁོར་རིགས་དང་རྐང་ཐང་བས་གློག་དམར་པོ་སྒྲོལ་བ་དང་འཕྲུལ་སྒུལ་འཁོར་རིགས་ཀྱིས་འཁོར་ལམ་མྱུར་བཟོ་དང་འཕྲུལ་སྒུལ་འཁོར་རིགས་གང་བྱུང་དུ་འཇོག་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

5c613d9f-a85b-4e2f-a20e-6cfb7fe0e653.jpg

དཔལ་ཡོན་ལྡན་པའི་ངང་ནས་གཞན་ལ་རོགས་བྱེད་པ།

སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་ཁྲོམ་གཞུང་གི་ལམ་མདོ་ཁག་ཏུ་རྔུལ་ལེན་དམར་པོ་གྱོན་པ་དང་། ཕུ་ཐུང་འཁྱེར་བ། ལག་ཏུ་དར་དམར་འཁྱེར་བའི་དང་བླངས་པ་ཚོས་ཉིན་ལྟར་ལས་ལ་བྲེལ་ནས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་ཁྲོད་ཀྱི་དྲིལ་བསྒྲགས་པ་དང་ཁྲིད་སྟོན་པར་གྱུར་ཡོད་པ་དང་། བརྙན་འཕྲིན་ལས་ཁུངས་དང་སྐད་འཕྲིན་སྤྱི་དམངས་ཀྱི་ལས་སྟེགས་ལ་བརྟེན་ནས་སྒྲ་ལེན་ཨང་རྟགས་དང་ཐེར་འདོན་ཡིག་སྒམ་སོགས་དྲིལ་བསྒྲགས་སྨྱན་སྦྱོར་ལས་སྟེགས་བཏོད་དེ་ཚུལ་མིན་བྱེད་སྤྱོད་དམར་རྗེན་དུ་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།