ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཐོག་མར་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཆུ་བྱ་མཐོང་།​

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ནགས་ཕག་མཚོ་རུ་པར་བླངས་པའི་ཆུ་བྱ།

༢.jpg

ནགས་ཕག་མཚོ་རུ་པར་བླངས་པའི་ཆུ་བྱ།

༣.jpg

ནགས་ཕག་མཚོ་རུ་པར་བླངས་པའི་ཆུ་བྱ།

༤.jpg

ནགས་ཕག་མཚོ་རུ་པར་བླངས་པའི་ཆུ་བྱ།

༥.jpg

ནགས་ཕག་མཚོ་རུ་པར་བླངས་པའི་ཆུ་བྱ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས28ཉིན་ནས་ཟླ12པའི་ཚེས1ཉིན་བར་ལྷོ་ནུབ་ནགས་ལས་སློབ་ཆེན་འདམ་རའི་སློབ་གླིང་གི་ཞིབ་འཇུག་སློབ་མ་ཤའོ་ལིན་ཡིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་སྟེ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མཆུ་ཏོ་ཟོར་བའི་དབྱིབས་དང་ལྡན་པའི་ཆུ་བྱའི་རིགས་ཤིག་པར་བླངས་པ་དང་། རང་ཉིད་ཀྱི་ལོ་མང་པོའི་སློབ་ཁྲིད་དང་ལག་ལེན་དངོས་ཀྱི་ཉམས་མྱོང་། སློབ་དཔོན་ལིའུ་ཆང་གིས་ཡང་ཡང་ཞིབ་བསྡུར་གསལ་འབྱེད་བྱས་པ་དང་འདབ་ཆགས་རིགས་ཀྱི་མཁས་བ་མང་པོ་དང་རྒྱུས་ལོན་བྱས་རྗེས་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་བོ་སྲུང་སྐྱོང་བྱེད་པའི་ཆུ་བྱའི་རིགས་ཤིག་ཡིན་པ་ཐག་གིས་བཅད།

 ཚོན་ཁྲ་ཅན་གྱི་ཆུ་བྱ་དེའི་གཟུགས་དབྱིབས་ཅུང་ཆུང་ཞིང་། མཆུ་ཏོ་རིང་ལ་མར་གུག་ཡོད་པས་ཟོར་བའི་དབྱིབས་དང་འདྲ། ཆུ་བྱ་དར་མའི་གཤོག་སྒྲོའི་ཁ་དོག་མང་ཆེ་བ་ལི་མདོག་ནང་ལྗང་སྨུག་འདྲེས་ཡོད་པ་ཞིག་དང་། གདོང་ལ་མདོག་དཀར་པོའི་ཁྲ་རིས་ཡོད་ཅིང་བྱེའུ་ཕྲུག་དུས་སུ་གཤོག་སྤུ་ནི་གཙོ་བོ་ལྗང་ནག་ཡིན་པ་རེད།

 ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་སྐབས་ཤིག་རིང་ཀྲུང་གོ་རུ་ཤུལ་མེད་དུ་གྱུར་བའི་ཆུ་བྱ་དེ་རིགས་རང་རྒྱལ་གྱི་ས་ཆ་མང་པོར་གཅིག་རྗེས་གཉིས་མཐུད་ངང་མཐོང་བ་དང་།   2012ལོའི་ཟླ6པར་ཚན་ཞིབ་མི་སྣས་ཡུན་ནན་ཞིང་ཆེན་ཡུས་ཤིས་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཐོག་མར་ཆུ་བྱ་དེ་རིགས་པར་ལེན་ཐུབ་པ་བྱུང་སྟེ། རྗེས་སུ་ཆུ་བྱ་དེ་རིགས་ཡུན་ནན་ཞིང་ཆེན་དུ་ཐེངས་མང་པོར་མཐོང་བས་ཐོ་འགོད་བྱས་པའི་ཐེངས་གྲངས20ལྷག་ཙམ་དང་། ཐེངས་གཅིག་གི་ཆེས་མཐོ་བའི་ཆུ་བྱའི་གྲངས་ཀ18ཟིན་པ་རེད།

གཞན་ཡང་ཀྲུང་གོའི་ཀོང་ཏུང་དང་། སི་ཁྲོན། ཧོ་པེ། ནང་སོག  ཤིན་ཅང་། ཐའེ་ཝན། ཤང་ཀང་སོགས་སུའང་ཆུ་བྱ་དེ་རིགས་མཐོང་ཐུབ་པ་བྱུང་། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།